旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > པར་ལེན་ར་བ། > ནང་དོན་དངོས་གཞི།
སྟག་མའི་མེ་ཏོག་གིས་རྒྱང་རིང་གི་མགྲོན་པོ་བསུ།
དུས་ཚོད།:2018-04-04 11:22:24   རྩོམ་ཁུངས།:

དཔྱིད་ཀ་ནི་མེ་ཏོག་འདབ་བརྒྱ་རབ་ཏུ་རྒྱས་པའི་དུས་ཚིགས་ཞིག་ཡིན་ཏེ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྔ་ཤོག་ཤང་སྨད་སྡེ་གྲོང་སྡེ་ན་ཡང་ཕ་ལམ་མུའུ500ཡི་སྟག་མ་མེ་ཏོག་ཚོམ་བུ་བྱས་ནས་བཞད་འདུགགྲོགས་པོ་ཚོས་གཟའ་མཇུག་ཏུ་བཟའ་མི་དག་ཁྲིད་ནས་ལྔ་ཤོག་ཤང་དུ་མེ་ཏོག་ལ་ལྟ་རུ་སོང་ཆོག

སྨད་སྡེ་གྲོང་སྡེའི་སྟག་མའི་མེ་ཏོག་ནི་གནམ་གཤིས་དང་ས་བབ་ལ་བརྟེན་ནས་བཞད་པའི་དུས་ཚོད་ཀྱང་མི་འདྲ།རི་འདབས་ཚ་གཤེར་ས་རྒྱུད་དུ་ཟླ3པར་བཞད་པ་དང་།རི་སྐེད་བསིལ་དྲོད་ས་རྒྱུད་དུ་ཟླ4པ་ནས་ཟླ5པར་བཞད།ས་མཐོའི་འབྲོག་རའི་ས་རྒྱུད་དུ་ཟླ5པ་ནས་ཟླ7པའི་སྐབས་སུ་བཞད་པ་རེད།གནས་འདིའི་རི་སྐྱེས་སྟག་མ་ནི་རྣམ་པ་སྣ་མང་དང་ཚོན་མདངས་སྣ་མང་ལྡན་པས་ས་ཁུལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན།

གལ་ཏེ་ཁྱེད་རང་ཁོམ་ལོང་ལྡན་ཚེ།གནས་འདིར་འཆམ་འཆམ་དུ་ཤོག་དང་།སྟག་མའི་མེ་ཏོག་རི་ངོས་སུ་རྣམ་པར་བཞད་པས་མེ་ཏོག་གི་སྐྱེད་ཚལ་ཞིག་ཏུ་སླེབས་པ་དང་གཉིས་སུ་མ་འཆིས་པའི་སྣང་བ་སྟེར།པདྨ་མཚོས་བསྒྱུར། 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།