旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
ཧྲང་ཧའེ་དང་བདེ་ཆེན་བར་གྱི་མཛའ་བརྩེ་ཟབ་མོ།
དུས་ཚོད།:2018-05-08 14:28:33   རྩོམ་ཁུངས།:

ཟླ5པའི་ཚེས3ཉིན།བདེ་ཆེན་ཁུལ་ཏང་དང་སྲིད་གཞུང་འཐུས་ཚབ་ཚོགས་པ་ཧྲང་ཧའེ་རུ་རྟོག་ཞིབ་བྱེད་སྐབས།ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་ཀའི་བཞུགས་མོལ་གྲོས་ཚོགས་དེ་ཧྲང་ཧའེ་གྲོང་ཁྱེར་གྱི་མཉམ་ལས་སྤེལ་རེས་གཞུང་དོན་ཁང་དུ་བསྡུས་པ་རེད།ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཕེང་ཁྲེན་ལེ་ཡིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་ཐོན་ཀྲང་གནང་བའི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཏང་དང་སྲིད་གཞུང་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་གནང་བ་རེད།ཕེང་ཁྲེན་ལེ་ཡིས་ཧྲང་ཧའེ་དང་ཡུན་ནན་བར་ལ་མཛའ་བརྩེ་ཟབ་མོ་དང་འབྲེལ་བ་དམ་པོ་ཆགས་ཡོད་པ་རེད།ཀྲུང་དབྱང་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་།ས་ཁུལ་གཉིས་ཀྱིས་དུས་རབས་སྔོན་མའི་ལོ་རབས་90ནས་བཟུང་མཉམ་འབྲེལ་བྱེད་འགོ་བརྩམས་པ་དང་།2004ལོར།བདེ་ཆེན་ཁུལ་གྱིས་ཧྲང་ཧའེ་ཡིས་གཙོ་གནད་ཁ་གཏད་རོགས་སྐྱོར་བྱེད་སའི་གྲས་ཤིག་ཏུ་གྱུར་བ་རེད།ལོ་ངོ་14རིང་།ཧྲང་ཧའེ་དང་བདེ་ཆེན་གྱི་མཉམ་ལས་དམ་ཟབ་དང་མཛའ་བཤེས་ཟབ་མོ་ཆགས་ཡོད་ཅེས་བསྟན།

ཆི་ཅན་ཞིན་གྱིས་བདེ་ཆེན་ཁུལ་གྱི་གནས་ཚུལ་དང་རང་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་སྐུལ་འདེད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད།བདེ་ཆེན་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བཀའ་དྲིན་ཞུ་བ་དང་།ལྷག་པར་དུ་པའོ་ཧྲན་ཆུས་དང་རྨིན་ཞིང་ཆུས་ཀྱི་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་གྱི་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཆི་ཅན་ཞིན་གྱིས་ཧྲང་ཧའེ་གྲོང་ཁྱེར་དང་ཆུས་གསུམ་གྱིས་སྔར་ལས་ལྷག་པའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་དང་སློབ་གསོ་སྨན་བཅོས་ལས་དོན་།ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་དུ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་སྐུལ་འདེད་བཏང་སྟེ་སྔར་ལས་འཕེལ་རྒྱས་བྱུང་བར་རེ་འདུན་བྱས་པ་རེད།

ཧྲང་ཧའེ་ཡིས་བདེ་ཆེན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཐོག་ཕྱོགས་གཉིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།གྲོང་གསེབ་དར་རྒྱས་དང་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་གྱི་འཆར་འགོད།སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས།ཡུལ་སྐོར་དྲིལ་བསྒྲགས་དང་འོས་སྦྱོར་ཚོང་དོན་དང་མ་རྩ་འདྲེན་འགུགས་སོགས་འབྲེལ་ཡོད་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་ཐད་ལྟ་བ་གཅིག་མཐུན་བྱུང་བ་རེད།             

ཧྲང་ཧའེ་གྲོང་ཁྱེར་གྱི་མཉམ་ལས་སྤེལ་རེས་གཞུང་དོན་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཀྲུང་རེན་ཡའོ་ཧའེ་ཡིས་ནན་ཏན་གྱིས་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ལམ་སྲོལ་སྐོར་གྱི་འབྲེལ་ཡོད་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར་ཤུགས་ཡོངས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་དོན་འཁྱོལ་བྱེད་རྒྱུ་མ་ཟད།བདེ་ཆེན་བོད་ཁུལ་འདི་ཉིད་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རོགས་འདེད་བྱེད་རྒྱུ་ཞེས་བསྟན་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།