旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
བྱེས་བགྲོད་སྦག་སྦག་འཁོར་ལོའི་མཉམ་འགྲན་གྱི་མཇུག་འབྲས་འདི་ན་ཡོད།
དུས་ཚོད།:2018-05-08 14:25:55   རྩོམ་ཁུངས།:

ཟླ5པའི་ཚེས4ཉིན།2018ལོའི་སེམས་ཀྱི་ཉི་ཟླ་རྒྱལ་ཁའི་དམག་འཐབ་སྟེ་བདེ་ཆེན་འཛམ་གླིང་བྱེས་བགྲོད་སྦག་སྦག་འཁོར་ལོའི་མཉམ་འགྲན་གྱི་འབའ་ལུང་ཡན་ལག་འགྲན་བསྡུར་ཡོངས་སུ་མཇུག་རྗོགས་པ་དང་།དུས་ཡུན་ཉིན་གསུམ་གྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད།ཚོ་ཆུང་བཞི་ཡི་ཨང་དང་པོ་རེ་རེ་བཞིན་བྱུང་བ་རེད།

འགྲན་བསྡུར་གྱི་གོ་རིམ་ཁྲོད།སྦག་སྦག་གཏོང་མཁན་རྣམས་ཀྱིས་ས་སྤུངས་དང་གྲམ་རྡོ།དཀྱོག་ལམ་སོགས་གཅིག་ཐོག་གཉིས་བརྩེགས་ཀྱི་འགག་ལམ་སྣ་ཚོགས་བརྒྱུད་རྗེས།མཐར་ས་དམ་ཏ་དབྱི་རུ་ཁག་གི་ཨང་22པའི་བདམས་ཐོན་པ་ལིའང་ཝུན་ཧའོ་ཡིས་ADV950CCཡན་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།    ས་དམ་ཏ་དབྱི་རུ་ཁག་གི་ཨང་117པའི་བདམས་ཐོན་པ་ཀྲང་མེ་ཡིས་ ADV950CCམན་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ།  གྱད་མི་ས་ཁང་པོ་སུའུ་ཨེར་རུ་ཁག་གི་ཨང་18པའི་བདམས་ཐོན་པ་ཞུས་ཅན་ཧའོ་ཡིས་ནང་འདྲེན་ཚོ་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ།ཧྲན་ཏུང་ཐེ་ཨན་མའོ་ཕིང་ཧུའེ་རུ་ཁག་གི་ཨང་38པའི་བདམས་ཐོན་པ་ལན་ཧྲི་ཁྲོན་གྱིས་རང་རྒྱལ་ནས་ཐོན་པའི་སྦག་སྦག་འཁོར་ལོའི་ཚོ་ཆུང་གི་ཨང་དང་པོའི་བྱ་དགའ་ཐོབ་པ་རེད། 

    རྒྱུས་ལོན་བྱུང་བ་ལྟར་ན།2018ལོའི་སེམས་ཀྱི་ཉི་ཟླ་རྒྱལ་ཁའི་དམག་འཐབ་སྟེ་བདེ་ཆེན་འཛམ་གླིང་བྱེས་བགྲོད་སྦག་སྦག་འཁོར་ལོའི་མཉམ་འགྲན་ནི་འབའ་ལུང་དང་འཇོལ།སེམས་ཀྱི་ཉི་ཟླ་བཅས་ས་ཚིགས་གསུམ་དུ་བགར་ཡོད།འཇོལ་ས་ཚིགས་ཀྱི་འགྲན་བསྡུར་ནི་ཟླ6པའི་ཚེས18ཉིན་ནས་ཚེས21ཉིན་བར་སྤེལ་རྒྱུ་ཡིན་པ་དང་།སེམས་ཀྱི་ཉི་ཟླའི་ས་ཚིགས་ཀྱི་འགྲན་བསྡུར་ནི་ཟླ9པའི་ཚེས13ཉིན་ནས་ཚེས16ཉིན་དུ་སྤེལ་རྒྱུ་ཡིན་པ་རེད།    ལོ་འཁོར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནི་སེམས་ཀྱི་ཉི་ཟླའི་པད་མའི་གནས་རིའི་ལྗོན་ལམ་སྒྲོལ་བའི་འགྲན་བསྡུར་དང་ཡན་ལག་ས་ཚིགས་གསུམ་པོའི་སྐར་འབྲས་སྣན་ནས་བྱུང་རྒྱུ་དང་།བསྐྱར་འཕྲུལ་ཚན་མ་ནི་ས་ཚིགས་གསུམ་པོའི་སྐར་འབྲས་སྣན་ནས་བྱུང་རྒྱུ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།