旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
ཧཱ་པའི་གཡེར་མ་དྲ་ཚོང་གི་ལམ་བུར་བསྐྱོད།
དུས་ཚོད།:2018-04-24 16:21:26   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་བཞི་བའི་ཧཱ་པ་གྲོང་ཚོ་ནི་སྔོ་ལྗང་ལྗང་དུ་མངོན།གཡེར་མའི་སྡོང་བོར་མྱུ་གུ་འབུས་མགོ་བརྩམས་པ་དང་།ག་ས་གང་དུ་གཡེར་མའི་དྲི་ཞིམ་ཐུལ་འདུག

   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པཱ་ཤང་ཧཱ་པ་གྲོང་ཚོའི་ལུང་ཝང་པེན་གྲོང་མི་ཚོ་ཆུང་གི་ཕྱུག་འགྱུར་སྣེ་ཁྲིད་པ་དབྱང་ཏུང་ཕིང་གིས་གཡེར་མའི་ལས་སྣོན་བཟོ་གྲྭའི་འཛུགས་སྐྲུན་དང་གཡེར་མའི་ཐོན་རྫས་ཐུམ་སྒྲིལ་སོགས་ཀྱི་ལས་ལ་བྲེལ།

དབྱང་ཏུང་ཕིང་གིས་གཡེར་མའི་ཤིང་ཕོང་ཐོག་ལས་བྱེད་བཞིན་པ།

    ཧཱ་པ་གྲོང་ཚོའི་གཡེར་མའི་ལོ་རྒྱུས་ནི་དུས་རབས་སྔོན་མའི་ལོ་རབས་40བར་དེད་ཆོག་པ་དང་།མིག་སྔའི་བར་དུ་ལོ་70ལྷག་གི་ལོ་རྒྱུས་ལྡན། ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པཱ་ཤང་གིས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་པ་དང་།གཡེར་མའི་འདེབས་འཛུགས་ཁྱབ་སྤེལ་ཤུགས་ཆེན་བཏང་ནས། ཧཱ་པའི་གཡེར་མ་དེ་ཉིད་དམངས་ཕྱུག་འབབ་འཕར་གྱི་ཐོན་ལས་གསར་པ་ཞིག་ཏུ་སྐྲུན་པ་རེད།མིག་སྔར། ཧཱ་པ་གྲོང་ཚོའི་གཡེར་མའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་ནི་མུའུ་8000ཡས་མས་སུ་འཕེལ་རྒྱས་བྱུང་བ་དང་།འདིའི་ཁྲོད་དུ། འབྲས་བུ་ཐོགས་པའི་དུས་ལ་སླེབས་པའི་གཡེར་མ་མུའུ་5000ཡས་མས་ཡོད་པ་དང་།གྲོང་ཚོ་ཡོངས་ཀྱི་གཡེར་མའི་ཐོན་འབབ་ནི་ཏུན་100ཡས་མས་སུ་སླེབས་ཡོད།

   སྔར་ལས་ལྷག་པའི་སྒོ་ནས་གཡེར་མའི་ཚོང་རྟགས་མཐོར་འདེགས་གཏོང་བ་དང་།མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ཆེད། དབྱང་ཏུང་ཕིང་གིས་སེམས་ཀྱི་ཉི་ཟླའི་ལྗང་མདོག་གཞི་རྒྱུའི་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས།ཀུང་སི་དང་རྟེན་གཞི། ཞིང་དུད། ཁྲོམ་ར་མཉམ་འབྲེལ་གྱི་འཕེལ་རྒྱས་བསམ་ཕྱོགས་ཀྱིས་གཡེར་མའི་འདེབས་འཛུགས་དང་ཐོག་མའི་ལས་སྣོན།བྲིན་འཚོང་བཅས་གཞི་གཅིག་ཏུ་བྱས་ནས། སན་པཱ་ཤང་གི་གཡེར་མའི་འདེབས་འཛུགས་དེ་དེ་སྔོན་གྱི་དུད་གཅིག་འདེབས་འཛུགས་ནས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་བཏང་བ་དང་།སྔར་ལས་ལྷག་པའི་སྒོ་ནས་སན་པཱ་གཡེར་མའི་སྤུས་རྟགས་ལེགས་པར་སྤེལ་ནས། དམངས་ཀྱིས་དབུལ་ཐར་ཕྱིན་པ་དང་ས་གནས་ཀྱིས་ཁེ་ཕན་ཐོབ་པ།ཁེ་ལས་འཕེལ་རྒྱས་བྱུང་བའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།

    ཧཱ་པའི་གཡེར་མ་དེ་དྲ་ཐོག་བྲིན་འཚོང་གི་སྟེགས་བུའི་མགྱོགས་ལམ་ཐོག་བསྐྱོད་ཆེད།དབྱང་ཏུང་ཕིང་གིས་ཐོག་མའི་ཐོན་ཡུལ་གྱི་ཐོན་སྐྱེད་སྒྲུབ་རིམ་འཛུགས་སྐྲུན་བྱེད་པར་མ་རྩ་བཏང་ནས།གཅིག་གྱུར་གྱིས་སྤུས་ཀ་ལེགས་པར་འཛིན་པ་དང་། ཐོག་མའི་ལས་སྣོན་དང་ཐུམ་སྒྲིལ་བྱས་པ་མ་ཟད།གཞན་ཀྲུང་གོའི་གཡེར་མའི་དྲ་བ་སོགས་ཀུང་སི་དང་ཁེ་ལས། དྲ་ཚོང་སྟེགས་བུ་དང་མཉམ་འབྲེལ་བྱས་པ་རེད།ན་ནིང་ཁོང་ཉིད་ཀྱི་ཀུང་སིས་དངོས་སུ་གློག་རྡུལ་ཉོ་ཚོང་ལས་སྟེགས་སྤྱོད་འགོ་ཚུགས་ཤིང་།དྲ་ཐོག་ནས་སྐམ་སིལ་གཡེར་མ་ཏུན་50ལྷག་ཉོ་ཚོང་བྱས་ཡོད་པ་རེད། དྲ་ཐོག་ནས་ཉོ་ཚོང་བྱས་ཚར་རྗེས།ཧཱ་པའི་གཡེར་མའི་རིན་གོང་ཆེ་རུ་ཕྱིན་པས། འདེབས་འཛུགས་དུད་ཚང་གི་ཡོང་འབབ་ཆེས་ཆེར་ཕྱིན་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།