旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཆུ་བོ་གཙོ་བོའི་རིགས་སུ་ཚེ་ཐར་བཏང་རྒྱུ་གཏན་འགོག་བྱ་རྒྱུའི་ཡིག་ཆ་བཀྲམ།
དུས་ཚོད།:2018-04-24 16:17:54   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཟླ4པའི་ཚེས12ཉིན་ནས་བཟུང་སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་།མཛེས་ལྗོངས་གྲགས་ཅན།གཙོ་གནད་ཆུ་འགོའི་གནས་ཡུལ།མཚོ་དང་གཙང་པོ་གཙོ་བོ་སྟེ།བལ་འཐག་མཚོ་དང་ནགས་ཕག་མཚོ།ཞོ་རྡོ་མཚོ།ལྷ་མོ་གཡང་མཚོ།སྲམ་སྣ་ཆུ་མཛོད།འོ་མ་མཚོ།ཀླུ་ཆུ་སོགས་སུ་ཚེ་ཐར་གཏོང་རྒྱུ་གཏན་འགོག་བྱས།

    གོང་གི་ས་གནས་དེ་དག་ལས་གཞན་དུ་ཚེ་ཐར་གཏོང་ན། འབྲེལ་ཡོད་གཙང་པོ་དང་མཚེའུ་ཡི་སྔར་ཡོད་དངོས་རིགས་མ་གཏོགས་ཚེ་ཐར་གཏོང་མི་ཆོག་པ་མ་ཟད།ངེས་པར་དུ་གྲངས་འབོར་དང་ཚད་གཞི་ཚོད་འཛིན་བྱེད་དགོས།ཚེ་ཐར་མ་གཏོང་སྔོན་དུ།ངེས་པར་དུ་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཅུས་སམ་ཡང་ན་ཆུ་བོ་ཁོངས་གཏོགས་ཁུལ་གྱི་ཤང་(གྲོང་རྡལ་)ལ་ཐོ་འགོད་སྙན་སེང་ཞུ་དགོས་པའི་བརྡ་ཁྱབ་བཏང་བ་རེད།

    བརྡ་ཁྱབ་ཐོག་བསྟན་དོན། བཀག་སྡོམ་བསླབ་བྱ་མ་ཉན་པར་མཇུག་འབྲས་ངན་པ་བཟོས་པའི་ཚེ་ཐར་གཏོང་བའི་ཚོགས་སྤྱི་དང་སྐྱེ་བོར་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ནས་ཆད་པ་གཅོད་རྒྱུ།བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལ་སྤྱི་བདེ་ཅུས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ཀྱི་གཏན་འབེབས་བྱས་པ་ལྟར་ཆད་པ་གཅོད་རྒྱུ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།