旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
ད་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱ་རྒྱུའི་འཆར་གཞི་བཀོད་པ།
དུས་ཚོད།:2018-04-24 16:13:29   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2018ལོའི་ཤིན་ཏུ་དབུལ་བོའི་རྒྱལ་ཁའི་དམག་འཐབ་དང་ཕྱོགས་ཡོངས་ནས་དབུལ་པོའི་ཞྭ་མོ་ཕུད་པའི་རྒྱལ་ཁའི་དམག་འཐབ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་དང་། གནས་སྤོ་ལས་ཞུགས་ལས་དོན་གྱི་ལག་བསྟར་ཇུས་གཞི་》གཞིར་བཟུང་། 2018ལོར། གྲོང་ཁྱེར་འདི་ཉིད་ཀྱིས་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་མི་ཐེངས8900ལེགས་འགྲུབ་བྱུང་རྒྱུའི་འཆར་གཞི་བཀོད་ཡོད། འདིའི་ཁྲོད་དུ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་པ་མི་ཐེངས2660ཡོད་པ།       ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས་2000ཡན་འཕར་འཛུགས་མངོན་འགྱུར་བྱུང་ཡོད་པ་རེད།

ཇུས་གཞིའི་ནང་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་པའི་དུས་མཚུངས་སུ་གསོ་སྦྱོང་དུ་ཞུགས་པའི་མི་སྣར་ཏང་གི་བཀའ་དྲིན་ཤེས་པ་དང་ཏང་གི་བཀའ་དྲིན་མཇལ་བ་བརྗོད་བྱ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དང་སྤྱི་ཚོགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་སློབ་གསོ་དང་ཁྲིམས་སྲུང་ཁྲིམས་སྦྱོང་གི་སློབ་གསོ་བཏང་ནས། མེ་གསོད་མེ་འགོག་བདེ་འཇགས་དང་དུག་འགོག་དང་ཨེ་ཙིའི་ནད་འགོག་པའི་ཤེས་བྱའི་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ་གསལ་སྟོན་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཟླ4པ་ནས་ཟླ12པའི་བར་དུ། གྲོང་ཁྱེར་འདི་ཉིད་ཀྱིས་ཤང་དང་གྲོང་རྡལ་སོ་སོའི་གསོ་སྦྱོང་གི་བླང་བྱ་གཞིར་བཟུང་གསོ་སྦྱོང་འཆར་གཞི་བཀོད་པ་མ་ཟད་ལག་བསྟར་བྱེད་འགོ་བརྩམས་ནས།    ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བར་འགན་ལེན་བྱས་པ་རེད།        

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།