旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཚེ་རིང་གི་ཁྱིམ་ཚང་།
དུས་ཚོད།:2018-04-04 11:32:25   རྩོམ་ཁུངས།:

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་འོ་མ་མཚོ་ཁར་གནས་པའི་བཀྲ་ཤིས་ཚེ་རིང་གི་ཁྱིམ་ཚང་ལ་བདེ་སྐྱིད་དང་འཆམ་མཐུན་ལྡན་པའི་གཏམ་བཟང་གྲོང་ཚོར་གྲགས་ཤིང་།2017ལོར་རྒྱལ་ཡོངས་ཆེས་མཛེས་པའི་ཁྱིམ་ཚང་ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད།

ཚེ་རིང་ཨ་མོ་ནི་བཀྲ་ཤིས་ཚེ་རིང་གི་ཆུང་མ་ཡིན།མོའི་གཤིས་རྒྱུད་བཟང་བ་དང་སེམས་བཟང་ཞིང་།དེ་ལས་བརྩོན་བསྲིས་ཁྱིམ་སྐྱོང་གི་གོམས་གཤིས་ལྡན་པ་རེད།ཁྱིམ་ནང་རྒན་རྒོན་མང་བ་དང་ས་ཞིང་ཡང་མང་བ།འོད་ཀྱང་ངལ་རྩོལ་པ་ཉུང་བ།ཁྱིམ་ནང་ད་དུང་ཕྱུགས་མང་པོ་གསོ་ཡོད་དེ།བཀྲ་ཤིས་ཚེ་རིང་དུས་མང་ཙམ་ལ་ཐག་རིང་གི་འབྲོག་ར་རུ་ཕྱུགས་འཚོ་བར་འགྲོ་ཡོད་པས།ཁྱིམ་ནང་གི་ཞིང་ལས་ཡོངས་དང་རྒན་རྒོན་གསུམ་ལ་བདག་སྐྱོང་བྱེད་པའི་ལས་འགན་ཚེ་རིང་ཨ་མོས་ལས་དགོས།ལོ་མང་བའི་རིང་།མུའུ་20ལྷག་གི་ས་ཞིང་དུ་མོ་ཞིག་གི་ཞིང་ལས་ལས་པ་དང་མི་འདོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད།

 བཀྲ་ཤིས་ཚེ་རིང་གི་ཁྱིམ་ནང་ཕ་མ་དང་ཨ་ནེ་བཅས་རྒན་རྒོན་གསུམ་ཡོད།ཚང་མ་ལོ་70ཡན་ཟིན་པ་དང་ན་ཚ་ཕོག་སླ་ཞིང་།སྨན་ཁང་འགྲོ་ཐེངས་མང་བ།ཁྱོ་ཤུག་གཉིས་ཀྱིས་སེམས་ཁུར་དེ་ལྷག་མེད་པས་རྒན་རྒོན་གསུམ་གྱི་འགྲོ་འདུག་དང་བཟའ་བཏུང་ལ་བདག་སྐྱོང་བྱེད།རྒན་རྒོན་ཚོ་ལོ་ན་ཇི་ལྟར་ཆེ་ན་བྱིས་པ་དང་འདྲ་ཞིང་།སྐབས་འགར་ཁྱིམ་མི་དང་རྒྱུ་མེད་རྐྱེན་མེད་ཀྱིས་རླངས་ལངས་པ།ང་ཚོས་ལོ་ཆུང་དུས་ཕ་མས་གསོ་བར་ལྟར་རྒན་རྒོན་ལ་སེམས་ཁུར་བྱེད་དགོས་བཀྲ་ཤིས་ཚེ་རིང་གིས་འདི་འདྲ་བཤད།

 ཚེ་རིང་དོན་གྲུབ་ནི་བཀྲ་ཤིས་ཚེ་རིང་གི་ཨ་ཕ་ཡིན།ས་གནས་དེ་གའི་བོད་རིགས་གཉེན་སྟོན་གྱི་མདོ་འཛིན་པ་གྲགས་ཅན་ཞིག་རེད།མི་རིགས་རིག་གནས་དར་སྤེལ་གཏོང་ཆེད།ཁོང་གིས་ཚ་བོ་ལ་གཉེན་སྟོན་གྱི་མདོ་འཛིན་བྱེད་སྲོལ་སློབ་ཡོད།

      བཀྲ་ཤིས་ཚེ་རིང་ཁྱིམ་གང་གིས་ཕན་ཚུན་ལ་བརྩི་བཀུར་དང་ཁོག་འཁུར་ནས།འཚོ་བའི་དཀའ་ངལ་ཁག་སེལ་ཞིང་།བདེ་སྐྱིད་དང་ཆེས་མཛེས་པའི་ཁྱིམ་ཚང་ཞིག་འཛུགས་པ་རེད།


 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།