旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
ཀླུ་ཆུའི་སྤྱི་གླིང་དུ་ཤིང་ཕུང་བདག་སྐྱོང་ལ་བྲེལ།
དུས་ཚོད།:2018-04-04 11:27:02   རྩོམ་ཁུངས།:

དཔྱིད་ཟླ་བཞི་བར་སེམས་ཀྱི་ཉི་ཟླ་རུ་དཔྱིད་ཉམས་ཤར་བ་དང་སྐྱེ་དངོས་ཡོད་དོ་ཅོག་ལ་སྐྱེ་སྟོབས་ཀྱི་ནུས་པ་བསྩལ།ཀླུ་ཆུའི་སྤྱི་གླིང་གི་ལས་བཟོ་བ་རྣམས་ཀྱིས་ཤིང་ཕུང་བཙུགས་པ་དང་ཆུ་སྡུད་པ།བདག་སྐྱོང་སོགས་ཀྱི་ལས་ལ་བྲེལ།

རྒྱུས་ལོན་བྱས་པ་ལྟར་ན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་གཅིག་འགྱུར་གྱི་བཀོད་སྒྲིག་འོགཀུང་སི་འདི་ཉིད་ཀྱིས་ཕྱོགས་ཡོངས་ནས་ཀླུ་ཆུའི་སྤྱི་གླིང་སོགས་གྲོང་ཁུལ་གྱི་ལྗང་འགྱུར་ལས་ཀ་ལེགས་པོ་སྒྲུབ་རྒྱུ་འགན་ཁུར་བ་རེད།ཟླ3པའི་ཟླ་སྨད་དུ།གྲོང་ཁུལ་གྱི་ལྗང་འགྱུར་ས་གནས་སོ་སོར་མཁོ་བའི་སྡོང་ཕྲུག་དུས་ལྟར་འབྱོར་ཡོད།ཀླུ་ཆུའི་བདག་སྐྱོང་དོ་དམ་ཁང་གིས་འཆར་གཞི་གཞིར་བཟུང་།དུས་འགོར་སྐམ་འགྲོ་བའི་ལྗོན་ཤིང་གཙང་སེལ་བྱས་རྗེས།གླིང་ཁུལ་གྱི་སྡོང་ཕྲུག་ཁྱབ་པའི་ས་ཡོངས་སོབ་སོབ་བཟོས་པ་དང་ལུད་བཞག་ནས་ཆུ་གཏོང་བ་སོགས་བྱེད་བཞིན་འདུག

ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འཛུགས་སྐྲུན་ཐད་མ་དངུལ་འབོར་ཆེན་གཏོང་ནས།སྐྱེད་ཚལ་གྲོང་ཁྱེར་གཏོད་པར་བརྩོན་ལེན་བྱས།གྲོང་ཁུལ་གྱི་ག་ས་གང་དུ་སྔོ་ལྗང་ཤིང་སྣའི་གོས་ཀྱིས་བསྟུམས་ཤིང་མེ་ཏོག་སྣ་ལྔ་རྣམ་པར་བཞད་པའི་མཛེས་ལྗོངས་མཐོང་ཐུབ།ལྗང་འགྱུར་ཁུལ་དུ་རྩྭ་དང་མེ་ཏོག་ལ་བདག་གཅེས་བྱེད་རོགས་དང་གང་འདོད་དུ་རྩྭ་ཐང་ལ་རྡོག་རྫིས་བྱེད་མི་ཉན་སོགས་དྲན་སྐུལ་བྱང་ཡིག་གང་སར་བཞག་ནས།དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེ་བའི་གྲོང་མི་རྣམས་ཀྱིས་རྩྭ་དང་མེ་ཏོག་གཅེས་སྐྱོང་དང་།ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད།དུས་ད་ལྟ་དཔྱིད་ཀའི་སྤྲོ་གསེང་གཏོང་བའི་དུས་སྐབས་བཟང་ཤོས་སླེབས་གྲབས་ཡོད་པས།ཕྱི་རུ་འགྲོ་སྐབས་དཔལ་ཡོན་ལྡན་པའི་སྒོ་ནས་འགྲོ་དགོས་པ་དང་།རྒྱ་ཆེ་བའི་གྲོང་མི་རྣམས་ཀྱིས་རང་གི་ཤེས་དཔལ་བྱང་ཚད་མཐོར་འདེགས་གཏོང་ནས།མེ་ཏོག་མི་འཐུ་དང་སྡོང་མགོར་མི་འཛེགས་པ།རྩྭ་ཐང་རྡོག་རྫིས་མི་བྱེད་པ་སོགས་བྱས་ནས།དཔལ་ཡོན་ལྡན་པའི་མི་ཞིག་བྱེད་པར་འབོད་སྐུལ་བཏང་དགོས།པདྨ་མཚོས་བསྒྱུར།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།