旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
གསར་དུ་སྒྲིག་བཀོད་བྱས་པའི་བོད་ཀྱི་ལྷ་མོའི་ཟློས་གར《སྣང་ས་འོད་འབུམ》
དུས་ཚོད།:2018-01-09 15:15:14   རྩོམ་ཁུངས།:

2017ལོར་བོད་རང་སྐྱོང་ལྗོངས་ལྷ་མོའི་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་ཆེན་མོ་བརྒྱད་ཀྱི་ཡ་གྱལ《སྣང་ས་འོད་འབུམ》ལ་བསྐྱར་དུ་གར་སྟེགས་ཅན་གྱི་སྒྲིག་བཀོད་བྱས་པ་མ་ཟད། བོད་ལྗོངས་ཀྱི་ས་གནས་ཁག་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱས་པར་གཟིགས་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད། ལྷ་མོའི་ཟློས་གར་འདི་ནི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩས་རྒྱབ་སྐྱོར་བྱས་པའི"2016ལོའི་ལོ་འཁོར་གར་སྟེགས་ཟློས་གར་ལ་རོགས་དངུལ་རྒྱབ་སྐྱོར་བྱས་པའི་རྣམ་གྲངས"ཀྱི་ཡ་གྱལ་ཡིན་པ་དང་། རྣམ་གྲངས་འདི་གཏན་འཁེལ་བྱས་པ་ནས་སྒྲིག་བཀོད་བྱེད་པའི་བར་དུ་འཁྲབ་སྟོན་པ་དང་ལས་སྒྲུབ་མི་སྣ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ལས་བརྩོན་དུས་ཡུན་ལོ་གཅིག་བྱས་པ་དང་། ཁྱོན་བསྡོམས་མི་སྣ་80འབྲེལ་ཡོད་ལས་ཀར་ཞུགས་པ་རེད། ཟློས་གར་འདི་དེ་སྔོན་བོད་ཀྱི་ལྷ་མོའི་ཟློས་གར་ཚོགས་པའི་གར་སྟེགས་ཅན་གྱི་བརྩམས་ཆོས་དང་བསྡུར་ན། ཕྱོགས་མང་པོའི་ཐད་ནས་རྣམ་པ་གསར་པ་མངོན་ཞིང་། གསར་གཏོད་རང་བཞིན་གྱི་ལེགས་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལག་བསྟར་བྱས་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།