旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
བོད་ཀྱི་ཉེར་མཁོའི་ཅ་ལག་ལས་རྭ་ཆས།
དུས་ཚོད།:2018-01-09 15:12:19   རྩོམ་ཁུངས།:

མདོ་སྒང་འདིའི་བོད་ཀྱི་མེས་པོ་ཚོས་སྲོལ་རྒྱུན་གྱི་འཚོ་བའི་ཁྲོད་དུ་བཟོ་རྩལ་གྱི་ཕྱུག་ཅིང་ཉེ་བར་མཁོ་བའི་ཅ་ལག་མང་པོ་ཞིག་གསར་གཏོད་བྱས་ཡོད་པ་ཡིན་ལ། ལྷག་པར་དུ་ཞིང་འབྲོག་གང་ཡིན་རུང་ལས་རིགས་ཀྱི་དགོས་མཁོ་ལྟར་ཞིང་པར་ཐོང་ཟོར་དང་།   འབྲོག་པར་སྒ་སྲབ།   རྔོན་པར་མདའ་གཞི་དང་།ཆོས་པར་འབུད་རྡུང་སོགས་རྩི་མི་ལངས་པ་ཞིག་ཡོད་པ་རེད།   དེ་དག་ལ་ཡང་རང་ཉིད་ཀྱི་ཁྱད་ཆོས་དང་ཡོན་ཏན་བགྲེང་དུ་ཡོད་པར་མ་ཟད། བཀོལ་སྤྱོད་ཀྱི་རིན་ཐང་དང་ལག་རྩལ་གྱི་ཆུ་ཚད།སྒྱུ་རྩལ་གྱི་རང་བཞིན་དང་སྟབས་བདེའི་རང་བཞིན་སོགས་སྐབས་དེའི་སྤྱི་ཚོགས་ཐོན་སྐྱེད་ཁྲོད་ཚད་མཐོའི་ལག་ཆར་གྱུར་ཡོད་པ་རེད། དེས་ན་འདི་ནས་བོད་ཀྱི་སྲོལ་རྒྱུན་ཉེར་མཁོའི་ཅ་ལག་ལས་རྭ་ཆས་ངོ་སྤྲོད་ཅིག་བྱེད། 

སྤྱིར་བཏིང་བྱས་ན་མདོ་འབུས་མཐོ་སྒང་ནི་ཁོར་ཡུག་དང་ས་བབ་སོགས་རྒྱུ་མང་པོ་ཞིག་གིས་འབྲོག་ལས་གཙོར་གཉེར་བའི་ཡུལ་ཞིག་ཡིན་པ་དང་།   ལྷག་པར་གནའ་བོའི་ལོ་རྒྱུས་ཀྱི་ཁྲོད་ན་འབྲི་གཡག་ནི་བོད་ཀྱི་རིག་གནས་ཀྱི་མཚོན་བྱེད་ལྟ་བུ་ཞིག་ཆགས་ཡོད་པ་རེད། སྣ་རྭ། དེ་བས་ནོར་གནག་གིས་བོད་ཀྱི་མེས་པོ་ཚོ་ཁ་ཟས་ཀྱིས་གསོས་ཤིང་།   ཀོ་པགས་ཀྱིས་གཅུད་ནས་ཡོང་པར་མ་ཟད།ཨོང་བ་དང་རྭ་ཅོ།རུས་པ་དང་རྩིད་པ་སོགས་ནི་ཁོང་ཚོས་འཚོ་བའི་ཁྲོད་ཀྱི་མ་བཅོས་རང་བཅོས་ཀྱི་རྒྱུ་ཆ་རུ་གྱུར་ཡོད་པ་སྟེ། རྭ་ཅོ་ལྟ་བུར་མཚོན་ན།རྭ་འཇོང་ཞེས་ཆང་བླུགས་སའི་སྣོད་དང་།   རྭ་ཐོམ་ཞེས་ཐ་ཆུ་ལྡུག་བྱེད།    སྣ་རྭ་ཞེས་ཐ་མག་འཐེན་བྱེད། རྭ་ནུ་ཞེས་བེའུ་ལུ་གུར་འོ་མ་བསྣུན་བྱེད།རྭ་འཇོར་ཞེས་ས་བསྐོ་བྱེད།ཆ་རུ(སྒྲོག་གུ)ཞེས་སྒོ་ཟོག་འདོག་བྱེད།ཁེ་ལེ་ཞེས་ཅ་ལག་བསྐོན་ས།   རྭ་འབུག་སྟེ་ཨུ་ཁུང་གཏོད་བྱེད།   སྣག་སྣོད་སྟེ་ཡིག་མཁན་གྱི་ལག་ཆ།རྭ་དུང་ཞེས་འབུད་བྱ།གཞན་གྲིའི་ཡུ་བ་དང་།   སིལ་བུའི་ལྕེ་སོགས་རྭའི་བཟོས་པའི་ཡོ་ཆས་མང་པོ་ཞིག་ང་ཚོའི་འཚོ་བའི་ཁྲོད་ཡོད་ཀྱང་།  དེང་སང་རིམ་བཞིན་ལོ་རྒྱུས་ཀྱི་ཆུ་ཀླུང་ཁྲོད་ཡལ་བར་གྱུར་ཏེ་།   རྡོར་མ་གྱུར་བའི་འགྱུར་རྡོར་གྱུར་ཞིང་གནའ་རྫས་ཞེས་མིང་རྫིག་པོ་ཞིག་བཏགས་ཏེ་སྟེ་དངོས་འགྲེམ་ཁང་ལ་བསྐྱལ་བཞིན་ཡོད་དོ།། 

དེ་བས་རྭ་ཆས་ཀྱིས་བཟོས་པའི་ཡོ་ཆས་འདི་དག་རེ་རེ་བཞིན་ངོ་སྤྲོད་པའི་གོ་སྐབས་ལྡན་པའི་རེ་བ་ཡོད། གྲོགས་པོ་ཚོའི་རྒྱབ་སྐྱོར་དང་ཐུགས་ཁུར། གསལ་འདེབས་དང་སྐྱོན་བརྗོད། གདེངས་འཇོག་དང་བློ་འདོན་ནི། ང་ཚོའི་སེམས་ཤུགས་དང་ཡིད་ཆེས། འབད་འབུངས་ཀྱི་སྒུལ་ཤུགས་ཡིན།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།