旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ནང་ཚུད་པ།
དུས་ཚོད།:2018-05-08 14:17:50   རྩོམ་ཁུངས།:

ཟླ་4པའི་ཚེས་27ཉིན་དུ་འཚོགས་པའི་ཡུན་ནན་ཞིང་ཆེན་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གསར་གཏོད་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ནས་ཤེས་གསལ་བྱུང་དོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སོགས་གྲོང་ཁྱེར་(རྫོང་)14རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ནང་ཚུད་པ།

ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་གཏོད་ལས་ཀ་སྣེ་ཁྲིད་དུ་གྱུར་ནས།མུ་མཐུད་དུ་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན།དོ་དམ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ།གྲོང་ཁྱེར་གྱི་རྣམ་པ་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་།དཔལ་ཡོན་བྱུང་ཚད་དང་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་བ་རེད།

  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐེངས་འདིའི་སྐུལ་སྤེལ་ཚོགས་འདུ་གོ་སྐབས་སུ་བཟུང་ནས།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དགོངས་དོན་དཔལ་ཡོན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་དང་།ལས་ཀ་གསར་གཏོད་ཀྱི་དམངས་ཕན་འདུ་ཤེས་འབུར་དུ་ཐོན་པ།ནན་ཏན་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ།སྤྱི་པའི་རྨང་གཞི་སྒྲིག་ཆས་དང་ནུས་པ་འཐུས་ཚང་དུ་གཏོང་བ།དཔལ་ཡོན་གྲོང་ཁྱེར་གསར་གཏོད་བྱེད་རིམ་གྲོང་ཁྱེར་དཔལ་ཡོན་ཆུ་ཚད་དང་གྲོང་མི་དཔལ་ཡོན་བྱང་ཚད་མཐོ་རུ་གཏོང་བའི་བྱེད་རིམ་དུ་གྱུར་ཏེ།གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལ་འབད་བརྩོན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།