旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
ལྷ་ས་གྲོང་ཁྱེར་རང་ལྗོངས་ཀྱི་ཆོག་མཆན་ཐོབ་པའི་གྲོང་ཁྱེར་དང་པོར་གྱུར་པ།
དུས་ཚོད།:2018-04-18 15:57:37   རྩོམ་ཁུངས།:

ཉེ་ཆར《རེས་སྐོར་གསར་པའི་གྲོང་ཁྱེར་གྱིས་གསར་གཏོད་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཚན་རྩལ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འཕྲིན་ཡིག》ཁྱབ་བསྒྲགས་བྱས་ནས་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་17ཁྲོད་ལྷ་ས་གྲོང་ཁྱེར་རང་ལྗོངས་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པའི་གྲོང་ཁྱེར་དང་པོ་དེར་གྱུར་པ་རེད།

གསར་གཏོད་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ནི“ཚན་རྩལ་གསར་གཏོད་ཀྱི་ས་ཁོངས་གཅིག་སྡུད་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་ཡུལ་བབ་དང་བསྟུན་པའི་ངང་ཧེ་བག་ཅན་གྱི་གསར་གཏོད་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ཏེ་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་གསར་གཏོད་རྣམ་པའི་གྲོང་ཁྱེར་དང་ས་ཁོངས་གསར་གཏོད་ལྟེ་གནས་འགའ་ཞིག་འཛུགས་སྐྲུན་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་གསར་གཏོད་སྐུལ་འདེད་ཀྱི་འཐབ་ཇུས་ལག་བསྟར་དང་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་དང་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཡོད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།