旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
འབའ་ལུང་ནགས་ཚལ་ཉེན་རྟོག་པས་རྨས་སྐྱོན་བྱུང་བའི་གླག་སྐེ་སེར་རོགས་སྐྱོབ་བྱས།
དུས་ཚོད།:2018-03-01 16:41:18   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་སྔོན།འབའ་ལུང་རྫོང་ནགས་ཚལ་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ཏེ།རྨས་སྐྱོན་བྱུང་བའི་གླག་སྐེ་སེར་ཞིག་འབའ་ལུང་རྫོང་རྡོ་ཐ་ཀུང་སིར་ལུས་ཡོད་ཅེས་བཤད།མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་ཕེབས་རྗེས།མགོ་སྨུག་ནག་དང་མགོ་ནས་མཇིང་བའི་སྒྲོ་ཕྲ་རིང་ཅིང་།གཤོག་པ་དཔྱངས་བ་དང་གཡོན་ཕྱོགས་ཀྱི་སྡེར་གུག་འཁྱོག་པའི་གླག་སྐེ་སེར་ཞིག་མཐོང་ཡོད།མི་དམངས་ཉེན་རྟོག་པས་གླག་སྐེ་སེར་ནགས་ཚལ་སྤྱི་བདེ་ཅུས་སུ་འཁྱེར་བ་དང་ནོར་ཤ་ཉོས་ནས་ཉིང་མོས་རང་ཉིད་ཀྱིས་འཕུར་ཆོག་པར་གསོ་ཡོད།

       འབྲེལ་ཡོད་ཆེད་ལས་མི་སྣར་འདྲི་རྟོག་བྱུང་དོན།གླག་སྐེ་སེར་ནི་བྱ་རྒོད་ཁོའི་ཆེ་གྲས་ཀྱི་བྱ་རིགས་ཤིག་ཡིན།སྤྱིའི་རིང་ཚད་ལི་སྨི་79ཟིན་པ་དང་གཤོགས་བརྐྱངས་སྨི་1.7ཟིན་པ།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཡིན་པ་རེད།

    ཤེས་གསལ་བྱུང་དོན།གླག་སྐེ་སེར་སྤྱི་བཏང་དུ་དེའུ་འབུར་རི་ཁུལ་དུ་གནས་པ་དང་ཟས་རིགས་ཆེ་འབྲིང་གྲས་ཀྱི་བྱ་རིགས་དང་གཅན་གཟན་གྱི་རིགས་ལ་བརྟེན།ཉེ་བའི་ལོ་འགའི་རིང་།སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ལེགས་སུ་བཏང་ནས།འབའ་ལུང་རྫོང་ཁྱབ་ཁོངས་ཀྱི་གླག་སྐེ་སེར་གྱི་གྲངས་ཚད་མངོན་གསལ་ངང་མང་པོར་གཏོང་བ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།