旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > གནས་སྐོར་དྲན་སྐུལ། > ནང་དོན་དངོས་གཞི།
གངས་ལྗོངས་ཀྱི་ལམ་ངོས་བདག་སྐྱོང་བ།
དུས་ཚོད།:2018-08-24 16:43:00   རྩོམ་ཁུངས།:

གངས་ལྗོངས་ཀྱི་ལམ་ངོས་བདག་སྐྱོང་བ།  

གཏམ་རྒྱུད་འདི་ནི2013ལོའི་ཉིན་ཞིག་གི་དགོང་མོར་བྱུང་བ་ཞིག་ཡིན།    འཇོལ་རྫོང་ནས་སེམས་ཀྱི་ཉི་ཟླ་བར་བརྒྱུད་སའི་པད་མ་རི་བོའི་སྟེང་གངས་ཆེན་པོ་བབས་པའི་དབང་གིས་ལམ་ངོས་སུ་ཆབ་རོམ་མཐུག་པོ་ཆགས་ནས།  རླངས་འཁོར་བསྐྱོད་ཐབས་བྲལ་ཞིང་འགྲིམ་འགྲུལ་དོན་རྐྱེན་མང་པོ་ཞིག་བྱུང་།    ལ་ལས་རང་གི་ཁྱིམ་མིར་ཁ་པར་བཏང་ནས་གནས་ཚུལ་ཞུ་བ་དང་།  ལ་ལས་ཉེན་འགོག་འགན་ལེན་ཀུང་སི་ལ་ཁ་པར་གཏོང་བ།    ཡང་ལ་ལས་ཁ་ལོ་བ་གཞན་པ་དང་ཁ་རྩོད་བྱེད་པ་སོགས་ལམ་ནང་དུ་གང་སར་ཟང་ཟིང་གིས་འཁེངས་འདུག      ལམ་ངོས་བདག་སྐྱོང་བ་ཚོས་ལས་ཡུལ་དངོས་ནས་རླངས་འཁོར་ཤར་གཏོང་བྱེད་པར་བཀོད་འདོམས་བྱས་ཤིང་།  ལས་ཡུལ་དངོས་ཀྱི་བཀོད་འདོམས་པ་སྐལ་བཟང་ཟླ་བས་ལམ་ངོས་ཀྱི་ཆབ་རོམ་སེལ་བར་ལྷག་པར་ཤུགས་བསྣན།     མཚན་མོ་ཡང་སླེབས་ལ་རན་པས་མི་རྣམས་ཀྱིས་སྔ་མོ་ནས་རང་ཁྱིམ་དུ་ལོག་པར་རེ་སྒུག་བྱས་ཡོད།    སྐབས་དེར་གློ་བུར་དུ་གོང་རིམ་ནས་ཁ་པར་ཡོང་སྟེ་པད་མ་རི་བོའི་དཀྱིལ་སྙིང་གི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་གཞན་་བྱུང་བ་དང་།   ཁ་བ་མུ་མཐུད་ནས་བབས་པས་མྱུར་སྐྱོབ་བྱེད་པའི་ལས་འགན་ཧ་ཅང་ལྗིད།   ཏག་ཏག་སྐབས་དེ་ནི་སྐལ་བཟང་ཟླ་བས་ཆུང་མས་བྱིས་པ་བཙའ་བའི་དུས་ལ་ཐོན་ཡོད་ཅིང་།    ཁོང་གི་ཆུང་མར་ལུས་པོ་ན་བའི་གནས་ཚུལ་ཡང་གོ་བས།    དཀའ་གནད་ཆེ་བའི་དུས་སུ་བཀོད་འདོམས་པ་སྐལ་བཟང་ཟླ་བས་ཐོག་མར་ཡུལ་སྐོར་བ་སྐྱོབ་པའི་ཆོད་སེམས་བཅང་ནས།    གངས་ལྗོངས་ཀྱི་ལམ་ངོས་བདག་སྐྱོང་བ་ཞིག་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད། 

https://v.qq.com/x/page/o0752ehkpoc.html

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།