旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཆེད་དོན་ལེ་ཚན། > ནང་དོན་དངོས་གཞི།
བདེ་ཆེན་ཁུལ་གྱིས་སྐབས་བརྗེའི་ཆེད་དོན་སྒྲིག་ཁྲིམས་(སྐོར་ཞིབ)ལྟ་ཞིབ་ལས་ཀ་བྱེད་འགོ་ཚུགས་པ།
དུས་ཚོད།:2016-03-29 11:04:44   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་3པའི་ཚེས་17ཉིན།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་སྐབས་བརྗེའི་སྒྲིག་ཁྲིམས་ཆེད་དོན་ལྟ་ཞིབ་ལས་ཀ་བྱེད་འགོ་ཚུགས་པ།ཆེད་དོན་སྒྲིག་ཁྲིམས་ལྟ་ཞིབ་ཚོ་ཆུང་གིས་ཟླ་3པའི་ཚེས་21ཉིན་ནས་ཟླ་6པའི་ཚེས་30ཉིན་བར་རྫོང་(གྲོང་ཁྱེར་)ལ་སྐབས་བརྗེའི་སྒྲིག་ཁྲིམས་ཆེད་དོན་ (སྐོར་ཞིབ)ལྟ་ཞིབ་ལས་ཀ་བྱེད་རྒྱུ་ཡིན་པ་རེད།

       ཆེད་དོན་ (སྐོར་ཞིབ)ལྟ་ཞིབ་ཀྱིས་སྙན་སྒྲོན་ཉན་པ་དང་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་སྐབས་བརྗེའི་ལས་ཀ་ཁག་དམ་འཛིན་བྱེད་པ་དང་།ཕྱོགས་ཡོངས་ནས་(སྐོར་ཞིབ)ལྟ་ཞིབ་ལས་ཀ་བྱེད་འགོ་ཚུགས་པ་དང་།སྐབས་བརྗེའི་སྒྲིག་ཁྲིམས་ལས་ཀའི་གནས་ཚུལ་རྒྱུས་ལོན་བྱེད་པ།དེ་བཞིན་སྐབས་བརྗེའི་སྒྲིག་ཁྲིམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།སྐབས་བརྗེའི་བར་ལ་ཡོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོག་བྱེད་རྒྱུ་རེད།

《བདེ་ཆེན་ཁུལ་གྱི་2016ལོའི་སྐབས་བརྗེའི་སྒྲིག་ཁྲིམས་ཆེད་དོན་ (སྐོར་ཞིབ)ལྟ་ཞིབ་ལས་ཀའི་ཇུས་གཞི》ལ་གཞིགས་ནས།ཐེངས་འདིའི་ཆེད་དོན་ (སྐོར་ཞིབ)ལྟ་ཞིབ་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྫོང་དང་ཤང་།གྲོང་སྡེ་བཅས་རིམ་གསུམ་གྱི་སྐབས་བརྗེའི་དུས་ཚོད་བཀོད་སྒྲིག་ལ་གཞིགས་ནས་དུས་མཉམ་དུ་བྱེད་པ་དང་རིམ་པ་ཁག་གསུམ་བཀར་ཏེ་བྱེད་འགོ་ཚུགས་པ།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག   སྤྱི་བདེ།ཞིབ་བཤེར།ཁྲིམས་ཁང་བཅས་ཀྱི་འབྲེལ་ཡོད་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་འཐེན་ནས།ཆེད་དོན་(སྐོར་ཞིབ)ལྟ་ཞིབ་ཚོ་ཆུང་བཙུགས་ཏེ།རྫོང་དང་(གྲོང་ཁྱེར་)སོ་སོས་སྐབས་བརྗེའི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཆེད་དོན་(སྐོར་ཞིབ)ལྟ་ཞིབ་བྱེད་པ་རེད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།