旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > པར་རིས་ལོངས་སྤྱོད། > ནང་དོན་དངོས་གཞི།
༢༠༡༦ལོའི་སེམས་ཀྱི་ཉི་ཟླའི་ལྔ་བའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་གི་པར་རིས་གདམས་བཀོད།
དུས་ཚོད།:2016-06-24 09:03:25   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བསིལ་རླུང་འཇམ་པོ་ཞིག་དལ་བུར་ལྡང་བ་དང་བསྟུན་ནས་མེ་ཏོག་སྣ་ཚོགས་ཀྱི་རོ་མངར་སྣ་བའི་བུ་གར་འཐུལ་ཡོང་བ་དང་། མགོ་བོ་ཡར་བཏེགས་ཏེ་ཕ་གིར་བལྟ་དུས་སྔོ་ལྗང་ལྗང་གི་ནགས་རིས་ཕྱོགས་བཞི་ཀུན་ནས་བསྐོར་ཞིང་ཉམས་དགའ་བའི་སྣང་བ་ཞིག་རང་ཤུགས་ཀྱིས་འཆར་ཡོང་། མཛེས་པའི་སྤང་ཐང་གི་ཁྱོན་ན་རྟ་ནོར་ལུག་གསུམ་བག་གཡེང་གིས་འཚོ་ཞིང་གནས། རེ་ཞིག་སྦྲང་ཆར་ཟིམ་ཟིམ་དུ་བབས་པས་སྔར་གྱི་ཚ་གདུག་བཅོམ་ཞིང་ཕ་རིའི་སྒང་མགོར་བཀྲ་ཤིས་པའི་འཇའ་ཚོན་ཤར་བྱུང་། ཕྱོགས་བཞི་ནས་མ་བོས་མགྲོན་དུ་ཕེབས་པའི་ལྟད་མོ་བ་ཡོངས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དུས་ཆེན་གྱི་སྐྱིད་སྣང་ཉམས་སུ་མྱོང་བཞིན་འདུག

གནས་འདི་ནི་སྔོ་ལྗང་གི་འཇིག་རྟེན། བཀྲ་ཤིས་པའི་ཡུལ་ཁམས། ཡིད་དུ་འོང་བའི་རྒྱལ་ཐང་འོ་མའི་མཚོ་ཁ་ཞེས་འབོད་པའི་གནས་མཆོག་གང་ཉིད་ལགས་ཏེ། གནས་འདི་རུ་འཚོགས་བཞིན་པ་ནི་སྐབས་དང་པོའི་སེམས་ཀྱི་ཉི་ཟླའི་ས་ཁོངས་ཀྱི་ཡུལ་སྐོར་མཉམ་འབྲེལ་ཚོགས་ཆེན་དང་2016ལོའི་ཀྲུང་གོ་སེམས་ཀྱི་ཉི་ཟླའི་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་གི་ཉིན་མོ་ཡིན་ཞིང་།དུས་ཆེན་འདི་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེའི་ལ་རྩྭ་ཐང་ནས་འཚོགས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་སྐྱིད་ཀྱི་དུས་ཆེན་ཞིག་ལོངས་སུ་སྤྱད་པ་རེད།

ལག་རྡེང་སྦྲེལ་ནས་སྐྱིད་པའི་སྐོར་བྲོ་འཁྲབ།

གླུ་བ་གྲགས་ཅན་བློ་བཟང་ཤེས་རབ།

རྒྱུག་དང་། རྟ་པ་ལགས།

མཛེས་པའི་སྟངས་སྟབས་མིག་གི་ལམ་དུ་མཛེས།

རྟ་ཐོག་ནས་ལྟད་མོ་རྩེད་བཞིན་པ།

རྟ་རྩལ་མངོན་བཞིན་པ།

དབྱི་རིགས་ཀྱི་སྐྱེས་མའི་བྲོ་གར།

སྒ་ཆས་འགྲེམས་སྟོན།

སྦྲ་གུར་མཐོང་བ་ཀུན་སྨོན།

རྟ་རྒྱུག་འགྲན་བསྡུར་གྱི་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུག་པ།

རྟ་རྩལ་མངོན་བཞིན་པ།

རྟ་ཐོག་ནས་ཁ་བཏགས་ལེན་པ།

ཤུགས་ཀྱིས་རྒྱུག་དང་། ཁམས་པའི་ཕོ་རྒོད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།