旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་གཟབ་རྒྱས་ངང་འཚོགས་པ།
དུས་ཚོད།:2016-09-27 16:49:15   རྩོམ་ཁུངས།:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

 

ཁུལ་ཡོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་གནད་འགག་གི་དུས་སྐབས་སུ། ཁུལ་ཡོངས་མི་དམངས་ཀྱིས་དོ་ཁུར་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཟླ་9པའི་ཚེས་20ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་སྙན་ཞུ་ཁང་ནས་འགོ་ཚུགས་པ་རེད།

ཚོགས་ཆེན་འདིའི་བརྗོད་བྱ་གཙོ་བོ་ནི།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་།མར་ལེའི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ།ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་དུ་བྱེད་དེ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་འགོ་ཚུགས་ས་གསར་པར་ལངས་ཏེ་སྤོབས་པ་རྒྱས་པ་དང་དངོས་གཉེར་འགན་འཁུར་དང་།མཐུན་སྒྲིལ་འབད་འཐབ་བྱས་ཏེ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་འབད་བརྩོན་བྱེད་རྒྱུའི་སྐུལ་མ་གཏོང་རྒྱུ་དེ་ཡིན།

འགོ་ཚུགས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་གུའུ་ཁུན་དང་ཆི་ཅན་ཞིན།ཡུས་ཧྲིང་ཞང་།ཀྲང་ཝེ་ཏུང་།ཁྲ་ཀྲུང་ཝང་།ཝང་ཐན་ཞི།ནོར་བུ་ཚེ་རིང་།ཀྲའོ་ཧྭ།ལུའི་པིང་།དབྱང་ཙི་ཅང་།ཝང་ཧུང་།ལི་ཚང་ཀོང་།ཏུའུ་ཡུང་ཁྲུན་བཅས་ཡིན།

ཞིང་ཨུའི་སྐབས་བརྗེའི་འདེམས་བསྐོའི་མཛུབ་སྟོན་ཚོ་ཆུང་གི་འགོ་འཛིན་དང་ཞིང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན་ཁྲ་ཞང་རོང་སོགས་ཚོགས་འདུར་ཕེབས་ཏེ་མཛུབ་སྟོན་གནང་བ་རེད།

ཚོགས་ཆེན་དེ་ཆི་ཅན་ཞིན་གྱིས་གཙོ་སྐྱོང་གནང་བ་རེད།

ཕྱི་དྲོའི་ཆུ་ཚོད་2པའི་སྐར་མ་30ཡི་ཐོག ཆི་ཅན་ཞིན་གྱིས་ཀྲུ་ང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ།ཚོགས་ར་ཡོངས་སུ་ཡར་ལངས་ནས་སྐད་གསང་མཐོན་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》བླངས་པ་རེད། ཚོགས་ཆེན་འདིར་འབྱོར་འོས་པའི་འཐུས་མི་ནི་341ཡོད་པ་དང་།དངོས་སུ་འབྱོར་མཁན་327ཡོད་དེ་གཏན་འབེབས་དང་མཐུན་པ་རེད།

གཞན་ཡང་ཤེས་གསལ་བྱུང་དོན། ཟླ་9པའི་ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་བ་རེད། ཐེངས་འདིའི་ཚོགས་ཆེན་ནི་འཐུས་མི་དང་ཚོགས་ཞུགས་མི་སྣ་ཡོངས་ཀྱི་འབད་བརྩོན་འོག་གྲོས་རིམ་ཀུན་ལེགས་འགྲུབ་བྱུང་བ་རེད། ཉིན་གསུམ་གྱི་རིང་དུ། འཐུས་མི་341གིས་ཁུལ་ཨུའི་སྙན་ཞུ་དང་ཁུལ་སྒྲིག་ཨུའི་སྙན་ཞུ་ལ་སློབ་སྦྱོང་དང་གྲོས་མོལ། བསམ་པ་བརྗེ་རེས་སོགས་བྱས་པ་དང་། བདེ་ཆེན་གྱི་དར་འཕེལ་གྱི་འཆར་གཞི་དང་ཕྱུག་འགྱུར་གྱི་ཇུས་བཟང་གྲོས་བསྡུར་བྱས་ཡོད་པ་རེད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།