旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཆེད་དོན་ལེ་ཚན། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླ་རྫོང་གིས་མངའ་ཁོངས་ཀྱི་བདེ་འཇགས་ལ་ཞིབ་བཤེར་ནན་མོ་བྱས་པ།
དུས་ཚོད།:2015-10-22 10:59:46   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་ཆར།  སེམས་ཀྱི་ཉི་ཟླ་རྫོང་གིས་སྤྱི་བདེ་ལས་ཁུངས་རྩ་འཛུགས་བྱས་ནས།  རྫོང་ཡོངས་ཀྱི་མངའ་ཁོངས་ནང་གི་ལས་ཁུངས་གཙོ་བོ་དང་།  རིགས་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་བདེ་སྲུང་ཉེན་འགོག་དང་།  མེ་འགོག་བདེ་འཇགས་སྐོར་གྱི་ཞིབ་བཤེར་ནན་མོ་བྱས་པ་རེད།  
       བརྟག་དཔྱད་བྱེད་པའི་ཁྲོད་དུ།  མི་དམངས་ཉེན་རྟོག་པ་མངའ་ཁོངས་ནང་གི་ས་གནས་གཙོ་བོ་ཁག་དང་།  རོལ་རྩེད་བྱེད་ས་ཁག་ཏུ་སོང་ནས།  བདེ་འཇགས་དོ་དམ་སྒྲིག་སྲོལ་དང་།  མེ་གསོད་སྒྲིག་ཆས་ཀྱི་ནུས་པ།  ལས་རེས་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས།  སྣུམ་སྣོན་ས་ཚིགས་ཁག་ནས་ནན་ཏན་གྱིས་སྣུམ་སིལ་མ་ཉོ་དུས་མི་རང་ཉིད་ཀྱི་དངོས་མིང་སྤྱད་ནས་ཉོས་ཡོད་མེད། སློབ་གྲྭའི་ཉེ་འདབས་ཀྱི་བདེ་འཇགས་གནས་ཚུལ་ལ་བརྟག་དཔྱད་བྱས།  བདེ་འཇགས་དོན་རྐྱེན་བྱུང་སླ་བའི་གློག་ལམ་རྙིང་པ་དང་། འཛུགས་སྐྲུན་སྒྲིག་ཆས།  མེ་འགོག་སྒྲིག་ཆས་བཅས་ལ་ཞིབ་བཤེར་ནན་མོ་བྱས་ཤིང་།   ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་རྟོགས་པའི་བདེ་འཇགས་ཀྱི་གནད་དོན་ཡོད་དུས།  སྐབས་ཐོག་ཏུ་ཉེན་ཁ་ལེགས་སྒྲིག་བྱེད་དགོས་པའི་བརྡ་ཡིག་བཏང་བ་དང་།  ངེས་གཏན་གྱི་དུས་ཡུན་ནང་ལེགས་བཅོས་བྱེད་དགོས་པའི་བཀའ་ལན་གནང་།  བརྟག་དཔྱད་བྱ་ཡུལ་གྱི་ལས་ཁུངས་ཀྱིས་སྔར་ལས་ལྷག་པར་ཐོན་སྐྱེད་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས།  ལས་བཟོ་བའི་བྱང་ཚད་དང་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན་ནས།  བདེ་འཇགས་ཐོན་སྐྱེད་ལ་འགན་སྲུང་བྱས་ཡོད།  ལས་ཁུངས་དང་བྱེད་སྒོ་སྤེལ་སའི་འགན་འཁུར་བ་བཅས་ལ་བདེ་འཇགས་ཉེན་འགོག་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད།  སྟག་མཐོང་གྲོང་རོང་སོགས་མངག་གཏོང་ཁང་གིས་མངའ་ཁོངས་ནང་དུ་དུག་རྫས་ཀྱི་སྐྱེ་དངོས་འཛུགས་པའི་སྣང་ཚུལ་ལ་གཞིགས་ནས།    དེང་སྐབས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ།   མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་བསྐྲུན་པའི་སྤྱི་ཚོགས་བདེ་སྲུང་སྒྲིག་ལམ་བཅོས་སྐྱོང་ཆེད་དོན་བྱ་འགུལ་དང་ཟུང་འབྲེལ་བྱས་ནས།  ཟ་ཁང་གི་ལས་གཉེར་འགན་འཁུར་གཙོ་བོ་དག་ལ་ཟ་འཐུང་ཞབས་ཞུ་བྱེད་ས་ནས་དུག་རྫས་འགོག་པའི་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་དུ་བཅུག་པ་རེད།  ཁྲིམས་འགལ་གྱིས་དུག་རྫས་ཀྱི་སྐྱེ་དངོས་བཙུགས་མི་ཆོག་པའི་དྲིལ་བསྒྲགས་སློབ་གསོ་བཏང་བ་རེད།  
       ཐེངས་འདིའི་བྱེད་སྒོའི་ནང་།  ཁྱོན་བསྡོམས་རིགས་སོ་སོའི་སྡེ་ཚན150ལ་ཞིབ་བཤེར་བྱས་ཤིང་།  འགན་འཁྲིའི་ཡི་གེ196ལ་མིང་རྟགས་བཀོད།  བདེ་འཇགས་དང་མེ་འགོག་བརྟག་དཔྱད་ཀྱི་བརྡ་ཡིག56མར་བཀྲམ།   མེ་འགོག་བདེ་འཇགས་ལེགས་སྒྲིག་བྱེད་པའི་བརྡ་ཡིག10མར་བཀྲམ།  བདེ་འཇགས་དང་མེ་འགོག་གི་བརྟག་དཔྱད་ནན་མོ་བྱས་པ་བརྒྱུད་ནས།  ཕྱོགས་ཡོངས་ཀྱིས་མངའ་ཁོངས་ནང་གི་སྡེ་ཚན་གཙོ་བོའི་བདེ་སྲུང་ཉེན་འགོག་ལས་ཀ་དང་།  མེ་འགོག་བདེ་འཇགས་འགན་འཁྲི་དོན་འཁྱོལ་བཏང་ཡོད་ཅིང་།  དོ་དམ་ཚད་གཞི་ཅན་དུ་བཏང་ནས། རང་བརྟེན་ཉེན་འགོག་ནུས་པ་ཇེ་མཐོར་བཏང་ཡོད་ལ།  ནུས་པ་ཐོན་པའི་ངང་ནས་རིགས་སྣ་ཚོགས་ཀྱི་བདེ་འཇགས་ཉེན་ཁ་སེལ་ཡོད་པ་རེད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།