旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཆེད་དོན་ལེ་ཚན། > ནང་དོན་དངོས་གཞི།
དབང་པོ་སྐྱོན་ཅན་གྱི་ལས་དོན་གྲོང་སྡེར་སྐྱོད་པ།
དུས་ཚོད།:2015-10-22 10:57:29   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

(དངོས་སྦྱོང་གསར་འགོད་པ། པདྨ་མཚོ།)ཉེ་ལམ། སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཅིན་ཅང་གྲོང་རྡལ་ཁྲེ་ཀྲིའུ་སྡེ་བར་གྲོང་སྡེའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དྲིལ་བསྒྲགས་བྱ་འགུལ་བསྡུས་པ་དང་།དབུལ་ཕོངས་དབང་པོ་སྐྱོན་ཅན་ལ་འཚམས་འདྲི་བྱས་པ་རེད།

      བྱ་འགུལ་གྱི་སྐབས་སུ།སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཁུལ་དེའི་མཐོ་རིམ་དང་འབྲིང་རིམ་སློབ་མའི་དྲིལ་བསྒྲགས་དང་བླངས་པ་15རྩ་འཛུགས་བྱས་ཏེ། གྲོང་མི་དང་ལམ་འགྲུལ་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས་》དང་《ཡུན་ནན་ཞིང་ཆེན་དབང་པོ་སྐྱོན་ཅན་མི་སྣའི་འགན་སྲུང་སྲོལ་ཡིག》་གི་དྲིལ་བསྒྲགས་ཤོག་བྱང་1000དང་།དྲིལ་བསྒྲགས་དཔེ་དེབ་500འགྲེམས ་པ་དང་།དབང་པོ་སྐྱོན་ཅན་གྱིས་བརྗོད་བྱ་བྱས་པའི་དྲིལ་བསྒྲགས་སྦྱར་ཡིག་གསུམ་འཐེན་པ་མ་ཟད།རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཏུང་མིང་དང་ཅིན་ཅང་གྲོང་རྡལ་གྱི་འགོ་ཁྲིད་དག་ལྷན་ཅིག་ཏུ་དབུལ་ཕོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་24ལ་འཚམས་འདྲི་ཞུ་ཞིང་། རོགས་སྐྱོར་མ་དངུལ་སྒོར་8000དང་རྒྱ་མ་50ཅན་གྱི་འབྲས་སྒྱེ་མོ་35དང་། ཉལ་ཐུལ7་བཅས་བཀོད་སྒྲིག་བྱས་ནས།དབང་པོ་སྐྱོན་ཅན་གྱི་སེམས་ཁོང་དུ་ཏང་དང་སྲིད་གཞུང་གི་བྱམས་བརྩེ་དང་ཐུགས་ཁུར་བསྐྱལ་བ་རེད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།