旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > པར་རིས་ལོངས་སྤྱོད། > ནང་དོན་དངོས་གཞི།
ཡང་ཐང་ཆུ་མཛོད་འགྲམ་རྒྱུད་ཀྱི་སྟོན་ཉམས།
དུས་ཚོད།:2015-10-29 08:21:30   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

ཡུན་ནན་ནུབ་བྱང་མཐོ་སྒང་སྟེང་གི་མུ་ཏིག་ལྟ་བུའི་འོད་མདངས་བཀྲག་པའི་གཡང་ས་ཡང་ཐང་ནི་ཤམ་བྷ་ལ་ཆེན་མོར་བསྐྱོད་པའི་ལྷོ་སྒོ་ཆེན་མོ་ཡིན་པ་མ་ཟད། ཡང་ཐང་གྲོང་རྡལ་དུ་ཆགས་པའི་རྒྱལ་ལམ་214ལམ་ཐིག་ནི་སེམས་ཀྱི་ཉི་ཟླའི་ཆེས་མཛེས་པོའི་ཡུལ་སྐོར་ལམ་ཐིག་ཡིན་ལ།  ལམ་བརྒྱུད་ཀྱི་རང་བྱུང་གི་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ཀྱང་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  ཡང་ཐང་གི་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཁོར་ཡུག་གི་ཆ་རྐྱེན་ལེགས་པོ་འཛོམས་ཡོད་པས།   དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས། ཡང་ཐང་གི་མཛེས་ལྗོངས་ནི་སྒྱུ་རྩལ་པའི་པིར་རིས་ལས་ཐོན་པའི་རི་མོ་སྣ་ཚོགས་དང་སྙན་ངག་པའི་སྨྱུག་རྩེ་ལས་ཐོན་པའི་ཚིག་རྒྱན་དང་འདྲ་བར།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པ་རེད།

       

  

 ནགས་ཚལ་ནི་རྒྱལ་ཁབ་ཀྱི་ཐོན་ཁུངས་དང་མི་དམངས་ཀྱི་རྒྱུ་ནོར་ཡིན་ལ།   ཉེ་བའི་ལོ་འགའི་རིང་།   ཡང་ཐང་གྲོང་རྡལ་གྱིས་ནགས་ལས་ལས་ཀར་ཤུགས་བསྣན་ཏེ།  ཐོན་ཁུངས་གསར་འབྱེད་དང་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ལ་གཙིགས་ཆེན་བྱས་ནས། འབྲི་ཆུའི་སྟོད་དཀྱིལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱས་ཤིང་།  མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་ཀྱི་གནས་བབ་ཡག་པོ་བསྐྲུན་པ་རེད།  ལྷག་པར་དུ་གསར་དུ་འཛུགས་པའི་ཡང་ཐང་ཆུ་མཛོད་ཀྱིས་བདེ་ཆེན་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་དང་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལྗོངས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་གལ་ཆེའི་བྱེད་ནུས་བཏོན་ཡོད་པ་མ་ཟད།  ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བཀོལ་སྤྱོད་ལའང་ཆ་རྐྱེན་ལེགས་པོ་བསྐྲུན་པས། སྤྱི་ཚོགས་དང་སྐྱེ་ཁམས། དཔལ་འབྱོར་བཅས་ལ་ཕན་འབྲས་མི་དམན་པ་འདོན་ཡོད། པར་འདི་དག་ནི་ཟླ་10ཚེས་26ཉིན་པར་དུ་བླངས་པའི་ཡང་ཐང་ཆུ་མཛོད་འགྲམ་རྒྱུད་ཀྱི་མཛེས་པའི་སྟོན་ཉམས་ཡིན།

    

      

      

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།