旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཁྱད་ལྡན་བཟའ་བཏུང་། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླའི་སྦི་རག་ལ་ཁྲོམ་རའི་དགའ་བསུ་ཐོབ་པ།
དུས་ཚོད།:2015-08-10 09:42:56   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་སྔོན་རྡོ་མཁར་རྫོང་གི་གངས་དཀར་གནས་མཆོག་བོད་ཟས་ཁང་དང་ཁྭ་ཏ་ཆང་ཁང་སོགས་སུ་སེམས་ཀྱི་ཉི་ཟླའི་སྦི་རག་བཙོང་རྒྱུ་ཡོད་ལ། སྦི་རག་འདི་ལ་རང་ས་གནས་ཀྱི་ཡུལ་མིས་དགའ་བསུ་ཐོབ་པ་མ་ཟད། ཡུལ་སྐོར་བ་དག་གི་མིག་གི་དུང་བའང་འདྲེན་པར་བྱས་ཡོད་པ་རེད།

  གངས་དཀར་གནས་མཆོག་བོད་ཟས་ཁང་གི་སྦྱིན་བདག་གིས་སེམས་ཀྱི་ཉི་ཟླའི་སྦི་རག་འདིའི་ཕྱིའི་རྣམ་པ་དང་བཟོ་བཀོད་ཀྱི་ཐོག་ནས་བོད་པའི་ཁྱད་ཆོས་དང་ལྡན་ཡོད་པ་མ་ཟད། སྦི་རག་གཞན་དང་མི་འདྲ་བར་ཅུང་མངར་བ་རེད་ཟེར། ཉིན་རྒྱུན་ཟ་ཁང་དུ་སྦི་རག་འདི་འཐུང་མཁན་མང་ལ། ཡུལ་སྐོར་བ་རྣམས་ཀྱིས་སྦི་རག་འདི་ལ་གཟེངས་བསྟོད་ཀྱི་མཐེ་བོང་བསྒྲེངས་པ་མ་ཟད། སྦི་རག་སྒམ་ཆུང་ལྔ་དྲུག་ཉོས་ནས་འགྲོ་མཁན་ཡང་ཡོད་ཅེས་བཤད་པ་རེད།

 རྒྱུས་ལོན་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླའི་སྦི་རག་ནི་སེམས་ཀྱི་ཉི་ཟླའི་མཐོ་སྒང་བཟོ་རྩལ་སྦི་རག་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་པའི་ཐོན་རྫས་ཡིན་ཞིང་། ཀུང་སི་འདི་ཉིད་2014ལོའི་ཟླ10པར་སེམས་ཀྱི་ཉི་ཟླའི་བཟོ་ལས་གླིང་ཁུལ་ཆིན་ཁའོ་ཁྱད་ལྡན་ཐོན་ལས་ཁུལ་དུ་བཙུགས་པ་དང་། 2015ལོའི་ཟླ6པའི་ཚེས20ཉིན་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་ལ།   མིག་སྔའི་བར་དུ་མ་དངུལ་སྒོར་ཁྲི4100གཏོང་ཟིན་པ་རེད།

  ཀུང་སི་དེའི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླའི་སྦི་རག་ནི་ནས་ཀྱི་རྒྱུ་ཆ་གཙོ་བོ་བྱས་པ་དང་། འཇར་མན་སྔོན་ཐོན་གྱི་ཆང་སྙལ་བའི་ལག་རྩལ་དང་སྒྲིག་ཆས་བཀོལ་སྤྱོད་བྱས་ནས། ནོར་གནག་སྦི་རག་དང་སྲོང་དགའ་སྦི་རག  རྒྱལ་ཐང་སྦི་རག  བོད་ལུགས་ཨེར་དང་སྐར་མ་གསར་བ་སོགས་ཁྱད་ཆོས་མི་འདྲ་བ་དང་བྲོ་བ་མི་འདྲ་བའི་སྦི་རག་གསར་སྤེལ་བྱས་ཏེ་བོད་ཁུལ་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་བསྐྲུན་པ་རེད། ཀུང་སིས་སེམས་ཀྱི་ཉི་ཟླའི་མིང་རྟགས་དང་སྦྲགས་ནས། ཀྲུང་ཏུང་ས་ཁུལ་དང་ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ་གྱི་ཁྲོམ་ར་གསར་འབྱེད་བྱས་ཏེ་ནས་ཀྱི་སྦི་རག་སྙལ་བའི་ཐོན་ལས་ཅན་མངོན་འགྱུར་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།