旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཁྱད་ལྡན་བཟའ་བཏུང་། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླའི་བེ་ཤ་ནོར་འཚོལ་དྲ་བའི་ཐོག་འཚོང་བ།
དུས་ཚོད།:2015-07-21 15:50:57   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ7ཚེས་16ཉིན།2015ལོའི་སེམས་ཀྱི་ཉི་ཟླའི་བེ་ཤའི་དུས་ཚིགས་འགོ་ཚུགས་པ་དང་ནོར་འཚོལ་ཁྱད་ལྡན་ཀྲུང་གོའི་བདེ་ཆེན(སེམས་ཀྱི་ཉི་ཟླ)ཁང་གི་སྒོ་འབྱེད་མཛད་སྒོ་དང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁུན་མིང་དུ་འཚོགས་པ།དེས་བོད་ཁུལ་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་རིགས་འདྲ་མིན་སྣ་ཚོགས་ཀྱི་སྤུས་ལེགས་ཐོན་རྫས་དྲ་བའི་ཐོག་ནས་རྒྱ་ཆེ་བའི་ཚོང་རའི་ཐོག་ཏུ་སྐྱེལ་ཐུབ་པ་དང་།སའི་གོ་ལའི་ས་ཆ་ཀུན་དུ་བསྐྱལ་ཏེ།མང་ཚོགས་ཀྱི་བྲོ་བཅུད་ལྡན་པའི་བཟའ་བཅའ་རུ་འགྱུར་ཐུབ་པར་མཚོན་ཡོད།
        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་དང་།ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཞུའེ་ཝུན།ཞིང་ཆེན་མཁོ་འཚོང་ཧྲིའི་ཀྲུའུ་རེན་གཞོན་པ་ཞའེ་ཧུན།ཀོང་ཏུང་ཞིང་ཆེན་གྱི་ཡུན་ནན་ཚོང་ཚོགས་དང་ཨ་ལི་པ་པ་ཚོགས་ཁག   བདེ་ཆེན་བེ་ཤའི་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་ཞུགས་ཡོད་པ་རེད།
        ཐེངས་འདིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཁུལ་སྲིད་གཞུང་གིས་གཙོ་སྐྱོང་བྱས་ཤིང་།དམིགས་བསལ་དུ་ཨ་ལི་པ་པ་ཚོགས་ཁག་ཞིབ་འཇུག་ཁང་གི་འགན་འཁུར་བས་བརྗོད་བྱ་གཙོ་བོའི་ཤིས་ཚིག་གསུང་པ་དང་།གསར་འགྱུར་སྦྱན་བྱད་ཁག་དང་ལས་རིགས་ནང་གི་འཇོན་ལྡན་མི་སྣ་སོགས་སྐུ་མགྲོན་མི་གྲངས་100ལྷག་ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།ཡོངས་བསྒྲགས་ཚོགས་འདུ་འཚོགས་པའི་དུས་མཚུངས་སུ་བདེ་ཆེན་སེམས་ཀྱི་ཉི་ཟླ་ཁང་--ཨ་ལི་པ་པའི་“སྐར་མ་ཕྲ་ཚོམ་བཀྲ་བའི་འཆར་གཞིའི”ཡུན་ནན་གྱི་ཚོད་ལྟ་དང་རྒྱལ་ནང་གི་གློག་རྡུལ་ཕྱིར་འཚོང་ལས་སྟེགས་ཁག་གི་ཕུགས་འདེད་མ་ལག་ཐོག་ཏུ་ཞུགས་འགོ་ཚུགས་པ་རེད།དུས་དེ་ནས་བཟུང་།སའི་གོ་ལ་ཡོངས་ཀྱི་འཛད་སྤྱོད་པས་ནོར་འཚོལ་དྲ་བ་དང་ཅིན་ཏུང་དང་།ཡ་མ་ཞུན་ཀྲུང་གོ།ཨང་རྟགས་1ཚོང་ཁང་།ཐུའུ་ཐུའུ་ལས་བཟོ་ཧྲི།སྤྲོ་སྐྱིད་ཉོ་སྒྲུབ།ཧྲུན་ཧྥང་ལེགས་འདེམས་སོགས་རྒྱལ་ནང་དང་རྒྱལ་སྤྱིའི་གློག་ཚོང་ལས་སྟེགས་ཐོག་བདེ་ཆེན་སེམས་ཀྱི་ཉི་ཟླ་ཁང་ནས་བདེ་ཆེན་ཁུལ་སྲིད་གཞུང་གིས་དཔྱད་ཡིག་གྲ་སྒྲིག་བྱས་པའི་ཆེས་རྒྱུད་ཁུངས་ཡང་དག་དང་ཆེས་སོས་པའི་སེམས་ཀྱི་ཉི་ཟླའི་བེ་ཤ་དང་།དེ་མིན་བདེ་ཆེན་བོད་ཁུལ་ནས་ཐོན་པའི་སེམས་ཀྱི་ཉི་ཟླའི་མཐོ་སྒང་གི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་པ་རེད།
        ཨ་ལི་པ་པ་ཞིབ་འཇུག་ཁང་གི་མཐོ་རིམ་ཆེད་མཁས་ཁྲེང་ལིའན་གྱིས་ངོ་སྤྲོད་བྱས་དོན།སྡོད་དམངས་ཀྱི་འཛད་སྤྱོད་རིམ་པ་མུ་མཐུད་དུ་མཐོ་རུ་འཕར་བ་དང་།ཞིང་ལས་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཏུ་ཉོ་སྒྲུབ་བྱེད་པ་ཁྱབ་དགལ་དུ་གཏོང་བ་དང་བསྟུན་ནས།གདོད་མའི་ཐོན་ཡུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཐད་འཚོང་དཔེ་དབྱིབས་དེ་རང་རྒྱལ་གྱི་གློག་རྡུལ་ཚོང་དོན་གྱི་འཕར་གནས་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་།ནོར་འཚོལ་དྲ་བའི་ཁྱད་ལྡན་ཀྲུང་གོའི་ས་གནས་ཁང་མཚོན་བྱེད་དུ་གྱུར་བའི་ལས་སྟེགས་ཀྱིས་ཐད་འཚོང་བྱེད་པ་དེ།ས་གནས་ཁག་གི་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་མགྱོ གས་མྱུར་གྱིས་རྒྱལ་ཡོངས་ཚོང་རར་སྐྱེལ་བ་དང་།ས་ཁོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་སྐྲུན་པ།ཞིང་པའི་ཡོང་འབབ་མཐོ་རུ་འཕར་བ་བཅས་ཀྱི་ཐད་ལ་གལ་ཆེའི་ཕན་ནུས་འདོན་སྤེལ་བྱེད་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།