旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > པར་ལེན་ར་བ། > ནང་དོན་དངོས་གཞི།
ནུབ་བྱང་ས་ཁུལ་གྱི་མཛེས་སྡུག་ཤིན་ཏུ་ལྡན་པའི་མྱུར་བགྲོད་ལྕགས་ལམ།
དུས་ཚོད།:2015-10-26 08:10:18   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        དབྱར་ཁ་ཤར་བ་ནས་བཟུང་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་འཇུ་ལག་རྫོང་གི་ས་ཞིང་མུའུ་ཁྲི་50ལྷག་སྟེང་གི་པད་ཁའི་མེ་ཏོག་གཅིག་རྗེས་གཉིས་མཐུད་དུ་བཞད་པ་དང་། མེ་འཁོར་དེའི་དཀྱིལ་ནས་བསྐྱོད་པ་ན་མེ་ཏོག་གི་རྒྱ་མཚོའི་ནང་དུ་བཞུད་པ་དང་འདྲ་བས། མི་རྣམས་ཀྱིས་དེར་མཛེས་སྡུག་ཤིན་ཏུ་ལྡན་པའི་མྱུར་བགྲོད་ལྕཊ་ལམ་ཞེས་འབོད་ཀྱི་ཡོད། འཇུ་ལག་པད་ཁའི་མེ་ཏོག་རྒྱ་མཚོ་ལྟ་བུ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིཊ་རང་སྐྱོང་ཁུལ་གྱི་འཇུ་ལག་རྫོང་དུ་ཡོད་ཅིང་། འདི་ནི་བྱང་ཕྱོཊ་ཀྱི་པད་ཁ་ཐོན་སྐྱེད་རྟེན་གཞི་ཡིན་པ་དང་པད་ཁ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་50ལྷག་ཡོད་ཅིང་། ས་གནས་ཁག་བར་གྱི་གནམ་གཤིས་མི་འདྲ་བའི་དབང་གིས་མེ་ཏོག་བཞད་པའི་དུས་ཡུན་ཟླ་གཅིག་རིང་རྒྱུན་མཐུད་བྱེད་ཀྱི་ཡོད་པས། ས་གནས་དེ་གའི་ཡུལ་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཡིན་ཞིང་། ཟླ་བ་7པར་སླེབས་པ་ནས་བཟུང་མཛེས་ལྗོངས་ཁུལ་དེར་ཉིན་རེར་ཡུལ་སྐོར་བ་ཁྲི་1.6ལྷག་ཙམ་རེ་སྣེ་ལེན་བྱེད་ཀྱི་ཡོད་པ་རེད།

 

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།