旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > པར་ལེན་ར་བ། > ནང་དོན་དངོས་གཞི།
ལ་ཆེན་ལ་ཆུང་གི་སྟོན་ཁའི་ཡུལ་ལྗོངས།
དུས་ཚོད།:2015-10-23 08:38:50   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  

ལ་ཆེན་ལ་ཆུང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་དང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཉིས་ཀྱི་མཚམས་སུ་ཆགས་ཡོད་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་སྟེ་སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་དེ་ནི་ལ་ཆེན་ལ་ཆུང་གི་རི་སྐེད་དུ་ཁྱབ་ཡོད།   གཞུང་ལམ་གྱི་རྒྱུད་དུ་སྔོ་ཁེབས་ཕུན་སུམ་ཚོགས་པོ་ཡོད་པ་དང་།   སྟོན་འགོ་ཚུགས་པ་ནས་བཟུང་རི་ཐོག་གི་ཤིང་ལོ་དེ་མ་ཐག་ཏུ་སེར་པོ་དང་དམར་པོ་སོགས་སུ་གྱུར་ནས་མཛེས་སྡུག་ལྡན་པའི་ལྗོངས་རྣམ་གྱིས་ཚུར་འོང་ཕར་འགྲོའི་ཡུལ་སྐོར་བའི་མིག་གི་ཡིད་དབང་འཕྲོག་པ་རེད། 

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།