旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྲོལ་གོམས་གཤིས། > ནང་དོན་དངོས་གཞི།
ཕྱག་འཚལ་བའི་སྲོལ།
དུས་ཚོད།:2015-10-26 14:53:48   རྩོམ་ཁུངས།:མཚོ་སྔོན་པོ་དྲ་བ།

 བོད་མི་གནས་སྡོད་ཀྱི་ས་ཆ་ཞིག་ཡིན་ཕྱིན་ཕྱག་འཚལ་མཁན་མཐོང་རྒྱུ་ཡོད་ཅིང་། མི་རིགས་གཞན་པ་མང་པོ་ཞིག་གིས་བོད་མིས་དཀའ་ངལ་འཛེམས་མེད་ཀྱིས་ཕྱག་དེ་ལྟར་འཚལ་དགོས་དོན་གང་ཡིན་ཐད་གོ་བ་ལེན་ཐབས་བྲལ་བས་ཡ་མཚན་དང་། དགོད་བྲོ་བ་ཞིག་ལ་བརྩི་ཡི་ཡོད་པ་རེད། ཕྱག་འཚལ་མཁན་གྱི་ངོས་ནས་བཤད་ན། དཀའ་བ་དེ་ལྟ་བུ་སྤྱད་དེ་ཕྱག་འཚལ་བའི་དགོས་པ་ནི། ཆོས་དད་ཀྱི་ཐོག་ནས་བཤད་ན་དམིགས་ཡུལ་ངེས་གཏན་ཞིག་ཡོད་པ་སྟེ། སྡིག་སྦྱོང་སྒྲིབ་སེལ་གྱིས་ཐར་བའི་ལམ་ལ་བགྲོད་ཅིང་། སངས་རྒྱས་ཀྱི་གོང་ཕང་ཐོབ་ཕྱིར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོག་ཏུ་གུས་འདུད་བྱེད་པ་ཞིག་ཡིན། དེ་ལྟ་བུའི་དམིགས་ཡུལ་ཞིག་ཡོད་པར་བརྟེན། དཀའ་སྡུག་ལ་འཛེམས་པ་མེད་པར་སེམས་ཤུགས་ཤིག་བྱུང་བ་རེད། ཕྱག་འཚལ་སྲོལ་ལ་བརྐྱངས་ཕྱག་དང་སྐུམ་ཕྱག་གཉིས་ཡོད། བརྐྱངས་ཕྱག་འཚལ་མཁན་ནི་ལྷ་སའི་བར་སྐོར་དང་གླིང་སྐོར། ཇོ་ཁང་གི་མདུན་སོགས་ལ་མང་པོ་མཐོང་རྒྱུ་ཡོད། འགའ་ཤས་ཀྱིས་མཚོ་སྔོན་ལ་སོགས་ནས་བརྐྱངས་ཕྱག་འཕུལ་ཏེ་ལྷ་ས་དང་གངས་རིན་པོ་ཆེ་ལ་སོགས་པའི་གནས་རྩ་ཆེན་རྣམས་མཇལ་བར་ཕེབས་ཀྱི་ཡོད། གཞན་ཡང་བརྒྱ་ཕྱག་དང་། སྟོང་ཕྱག འབུམ་ཕྱག་ཞེས་ཕྱག་གི་གྲངས་ཀ་བསགས་ནས་རང་གི་སྒྲིབ་པ་དག་ཐབས་བྱེད་པའང་ཡོད། སྐུམ་ཕྱག་ནི་པུས་མོ་གཉིས་དང་ལག་ཕུར་བཙུགས་ཏེ་ཕྱག་གསུམ་རེ་འཚལ་བ་དེ་རྟེན་གསུམ་དང་བླ་མ་མཇལ་དུས་ཀྱི་གུས་སྲོལ་ཞིག་ཡིན། 

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།