旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྲོལ་གོམས་གཤིས། > ནང་དོན་དངོས་གཞི།
བསང་།
དུས་ཚོད།:2015-10-26 14:52:22   རྩོམ་ཁུངས།:བོད་ལྗོངས་མདོ་སྨད་དྲ་བ།

བོད་མིས་བསང་གཏོང་རྒྱུར་དང་དོད་ཆེན་པོ་ཡོད་ཅིང་། བོད་མིའི་ཁང་པ་མང་ཆེ་བའི་ཡང་ཐོག་ཏུ་བསང་བུམ་ཡོད་པ་དང་། བསྐོར་ལམ་དང་ལྷ་ཁང་སོགས་ཀྱི་སྒོ་འགྲམ་གང་སར་བསང་བུམ་མཐོང་རྒྱུ་ཡོད། ནམ་རྒྱུན་དུ་རི་བསང་དང་ཀླུ་བསང་སོགས་ཀྱི་དར་སྲོལ་ཡོད་ཅིང་། ད་དུང་བོད་མིའི་གོམས་གཤིས་སུ་བླ་སྤྲུལ་དང་། དཔོན་པོ་ཆེ་ཁག་ཕེབས་དུས་བསང་བཏང་ནས་བསུ་བ་བྱེད་སྲོལ་ཡང་ཡོད། བོད་མིའི་བསང་གཏོང་བའི་གོམས་སྲོལ་དེ་དུས་ཇི་ཙམ་ནས་དར་བ་ཡིན་པ་དང་། དེའི་འབྱུང་རྩ་གང་ཡིན་ཁ་གསལ་ཡིག་ཐོག་ལ་བཀོད་པ་ཞིག་མཇལ་རྒྱུ་མ་བྱུང་ཡང་། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས། བསང་ནི་བོད་རིགས་ཀྱི་ལྷ་གསོལ་བའི་བྱེད་སྒོའི་ནང་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། གཙོ་བོ་མི་ཡུལ་གྱི་གཙོག་གྲིབ་མཐའ་དག་སེལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཡིན་པར་གསུང་ཞིང་། བོན་གྱི་ཡོངས་རྩེའི་འགྲེལ་པཞེས་པ་ལས། གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་བྱོན་ཚུལ་གླེང་སྐབས་ལྷའི་སྐུ་བོན་ཡ་ངལ་དང་། མཚེ་མི། ཙོ་མི་གསུམ་ཡང་མཉམ་དུ་མངགས་པརཡབ་ཀྱི་ཞལ་ནས། གནམ་ལྟ་དོ་ལ་གཤེགས་པ་ན། མི་ཡུལ་གཙོག་དང་ནས། གནམ་ལྷ་དོ་ལ་གཤེགས་པ་ན། མི་ཡུལ་གཙོག་དང་ནལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མིས་སྐུ་ཡི་གཡས་རྟེན་ཅིག། ཙོ་མིས་སྐུ་ཡི་གཡོན་རྟེན་ཅིག ཡ་ངལ་གྱིས་སེལ་དང་བསང་གྱིས། ཞེས་བསྟན་ཡོན། དེ་ལྟར་ན་ལྷ་ཡི་རིགས་སྤྱན་འདྲེན་ཞུ་བའི་དུས་སུ། ཐོག་མར་བསང་དུད་བདུགས་ནས་ཡུལ་ཁམས་ཀྱི་བཙོག་གྲིབ་རྣམས་སེལ་དགོས་པ་རང་ཤུགས་སུ་མཁྱེན་ཐུབ་པ་མ་ཟད། བོད་མིའི་ཁྲོད་བསང་གཏོང་བའི་གོམས་སྲོལ་དེ་དར་ནས་ད་བར་ལོ་ངོ་ཉིས་སྟོང་ལྷག་གི་དུས་ཡུན་ཕྱིན་ཡོད་པ་དང་། བསང་གཏོང་བའི་སྲོལ་དེ་བོན་ཆོས་ཀྱི་ཤུགས་རྐྱེན་ཡིན་ཅིང་། དེའི་བསམ་པའི་ཀུན་སློང་ནི་གཙོག་གྲིབ་སེལ་རྒྱུའི་ཆེད་དུ་ཡིན་པ་བཅས་གསལ་པོར་རྟོགས་ཐུབ། 

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།