旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
རང་ཁུལ་གྱིས་ཡུལ་སྐོར་ཐོན་ལས་ཀྱི་འཕེས་རྒྱས་གྲོས་ཚོགས་འཚོགས་པ།
དུས་ཚོད།:2015-10-23 09:20:46   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་སྔོན། རང་ཁུལ་གྱིས་ཡུལ་སྐོར་ཐོན་ལས་ཀྱི་འཕེས་རྒྱས་གྲོས་ཚོགས་འཚོགས་པ། ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ་ཡིས་གྲོས་ཚོགས་ཐོག་བདེ་ཆེན་གྱིས་“བསྒྱུར་བཅོས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་སྤེལ་གཏོང་བ་དང་ཁྲིམས་སྐྱོང་ལ་བརྟེན་ནས་ཡུལ་སྐོར་སྐྱོང་བ། རྨང་གཞི་ལ་བརྟེན་ནས་ཡུལ་སྐོར་སྟོབས་ལྡན་དུ་གཏོང་བ། ཚན་རིག་སློབ་གསོ་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་བ”བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧོང་ཀྲེང་ཧུང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ། ཞིང་ཆེན་ཡུལ་སྐོར་འཕེལ་བསྒྱུར་ཨུའི་ཀྲུའུ་རེན་གཞོན་པ་ཁྲེན་ཧྲུའུ་ཡུན་གྱིས་གྲོས་ཚོགས་ཐོག་མཛུབ་སྟོན་བྱེད་པ། མ་ཝུན་ལུང་། ཆི་ཅན་ཞིན། ལི་ཚན་ཀོང་། ཏུའུ་ཡུང་ཁྲུན། ལུའུ་ཡུང་མིང་། ནོར་བུ་གཡང་འཛོམས། ཀྲང་ཝུན་ཏུང་། ཀྲའོ་ཧྭ། ཧན་ཁའེ་ཀྲུའུ་དང་རང་ཁུལ་གྱི་ལས་གནས་སུ་ཡོད་པའི་ཐིང་རིམ་པའི་འགོ་ཁྲིད་གྲོས་ཚོགས་སུ་ཞུགས་པ།

        དབྱིན་པའེ་ཡིས་ཡུལ་སྐོར་ལས་རིགས་ནི་བདེ་ཆེན་གྱི་“རྒྱབ་རྟེན་ཐོན་ལས་ཆེན་པོ་བཞི་”ནང་གི་ཨང་དང་པོ་ཡིན། མིག་སྔར་རང་ཁུལ་གྱིས་གཞི་རྩར་“ཟ་དང་འདུག འགྲོ་སོགས་”ལ་མཐུན་པའི་ཡུལ་སྐོར་ཐོན་ལས་ཀྱི་མ་ལག་ཞིག་བཙུགས་ཡོད་ཅེས་བསྟན་པ་རེད།

        དབྱིན་པའེ་ཡིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་མཐོང་ཆེན་བྱེད་པ་དང་ནན་ཏན་གྱིས་མཉམ་ལས་བྱེད་དེ། སྟོབས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་གཏོང་དགོས་པ་དང་། ལས་འགན་གསལ་འབེབས་དང་དོན་འཁྱོལ་མཐར་ཕྱིན་བྱས་ནས། ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ལྟ་སྐུལ་དཔྱད་ཞིབ་བྱས་ནས། ཡུལ་སྐོར་ལས་རིགས་དང་མཐུན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཛུགས་དགོས། གླེང་ཕྱོགས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་ཁོར་ཡུག་ལེགས་པོ་ཞིག་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།

        ཧོང་ཀྲེང་ཧུང་གིས་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་རྒྱུ་རྐྱེན་ཚང་བ་དང་སྒྲིག་ཆས་འཐུས་སྒོ་ཚང་བའི་ཡུལ་སྐོར་ཐོན་རྫས་ཀྱི་རྟེན་གཞི་འཛུགས་པ་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལྗོངས་ཁུལ་གསར་འཛུགས་བྱེད་པ། ཁྱད་ཆོས་ལྡན་པའི་ཐོན་རྫས་གསོ་སྐྱོང་བྱེད་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”སྐབས་སུ་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོན་པོ་བྱུང་བར་བརྩོན་ལེན་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཐེངས་འདིའི་ཡུལ་སྐོར་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་བྱས་ནས། བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

        ཁྲེན་ཧྲུའུ་ཡུན་གྱིས་བདེ་ཆེན་གྱི་ཡུལ་སྐོར་འཕེལ་རིམ་དུ་གནས་པའི་དོན་དངོས་ལ་གཞིགས་ནས། སྲིད་གཞུང་གིས་གཙོ་ཁྲིད་ནུས་པ་འབུར་དུ་ཐོན་པར་བྱས་ཏེ། ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་གཏོང་དགོས་པ་དང་རྨང་གཞི་བརྟན་པོ་འདིང་བ་དང་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཁོར་ཡུག་འཛུགས་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་བདེ་ཆེན་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་ཞིང་། བདེ་ཆེན་ཡུལ་སྐོར་གྱི་རྣམ་བསྒྱུར་རིམ་འཕར་དང་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད། 

        རྫོང་དང་གྲོང་ཁྱེར། ཆུས་ཀྱི་ཏང་སྲིད་འགོ་ཁྲིད་ཀྱིས་གྲོས་ཚོགས་ཐོག་རྗེས་རེས་བྱེད་པ། ཁུལ་ཨུའི་པུའུ་ཨུ་དང་ཁུལ་སྲིད་གཞུང་གི་གཞུང་ལས་ཁང་དང་ཅུས། རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱི་འགན་འཁུར་བ། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་29ཡི་འགན་འཁུར་བ། ཡུལ་མི་ཚོ་ཆུང་འགའི་ཏང་ཙུའུ་ཧྲུའུ་ཅི་སོགས་གྲོས་ཚོགས་སུ་ཞུགས་ཡོད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།