旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
ཡུལ་སྐོར་ཁེ་ལས་ཁག་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
དུས་ཚོད།:2015-10-23 09:18:03   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་སྔོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཟབ་ཞུབས་བྱས་ནས་གཅིག་བསྡུས་ངང་ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་བསྡུས་ཤིང་། པོ་ཏ་མཚོའི་ཡུལ་སྐོར་རླངས་འཁོར་གཏོང་མཁན་དང་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་100ཙམ་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཡོད།

      རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ནན་ཏན་གྱིས་ཡུལ་སྐོར་རླངས་འཁོར་གཏོང་མཁན་ལ་བྱུང་སླ་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་དབྱེ་ཞིབ་བྱས་པ་ད་། མྱུར་ཚད་བརྒལ་བ་དང་མི་གྲངས་བརྒལ་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་རྐྱེན་རང་བཞིན་ནན་བཤད་བྱས་པ། 2015ལོའི་ལོ་སྟོད་དུ་སེམས་ཀྱི་ཉི་ཟླའི་མངའ་ཁོངས་ནང་ བྱུང་བའི་འགྲོ་ལམ་གྱི་འགྲིམ་འགྲུལ་བྱུར་ཉེས་དང་ཉེ་སྔོན་རྒྱལ་ཡོངས་ཀྱི་ཡུལ་སྐོར་རླངས་འཁོར་ལ་བྱུང་བའི་འགྲིམ་འགྲུལ་གྱི་བྱུར་ཉེས་བརྡ་ཁྱབ་བཏང་ཞིང་། ཡུལ་སྐོར་རླངས་འཁོར་གཏོང་མཁན་ཚང་མས་ཐོབ་པའི་བསླབ་བྱ་དེ་དང་ལེན་དགོས་པའི་བླང་བྱ་འདོན་པ་རེད།

 རུ་ཆེན་གྱི་ཉེན་རྟོག་པས་པོ་ཏ་མཚོ་ལྗོངས་ཁུལ་གྱི་ཁྱད་ཆོས་ལ་དམིགས་ནས། ཡུལ་སྐོར་རླངས་འཁོར་གཏོང་མཁན་ཚང་མས་ཚད་ལྡན་གྱིས་རླངས་འཁོར་གཏོང་དགོས་པ་དང་། ལྗོངས་ཁུལ་གྱི་འགྲེལ་བཤད་རྒྱག་མཁན་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ། ཀུང་སིས་ལྗོངས་ཁུལ་གྱི་གཞུང་ལམ་ལ་ཡུལ་སྐོར་དུས་བཟང་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མིན་རྐྱེན་ངན་དེ་ལེབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

     དྲིལ་བསྒྲགས་བྱེད་སྒོ་བསྡུ་བའི་སྐབས་སུ། རུ་ཆེན་འདིས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་བསྡོམས་400འགྲེམ་གཏོང་བྱས་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་གློག་བརྙན་བལྟས་ནས། རླངས་འཁོར་གཏོང་མཁན་ཚོས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་གསལ་པོར་རྟོགས་པས། དྲིལ་བསྒྲགས་གྲུབ་འབྲས་ཡག་པོ་ཐོབ་པ་རེད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།