旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
རང་ཁུལ་གྱིས་སྐྱེ་ཁམས་གྲོང་སྡེ(གཞིས་ཁུལ)18ལ་མིང་བཏགས་པ།
དུས་ཚོད།:2015-10-23 09:16:29   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་ཆར། ཁུལ་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཚང་ཧྥང་གཞིས་ཁུལ་དང་། ཅིན་ལུང་གཞིས་ཁུལ། པའེ་མན་གཞིས་ཁུལ། ཧུང་ཕའོ་གྲོང་། ཉི་ཤར་གྲོང་། རྒྱལ་བདེ་གྲོང་། སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་སུང་ཧོ་གྲོང་དང་། ཟམ་ཁ་གྲོང་། དར་དམར་གྲོང་། ཅིན་ཞིན་གྲོང་། པའོ་ཧྲན་གྲོང་། འཇོལ་རྫོང་ཧྲིན་ཕིང་གྲོང་རྡལ་གྱི་ཅུས་ཧྲུའེ་གྲོང་དང་། ཏུན་ཧོ་གཞིས་ཁུལ། ཨ་ཏུན་ཙེ་གཞིས་ཁུལ། ཀོང་རྩེད་ར་གྲོང་རྡལ་གྱི་མདའ་རི་གྲོང་དང་། ཤོག་གསུམ་གྲོང་། ཀོང་རྩེད་ར་གྲོང་སོགས་སྲིད་འཛིན་གྲོང་སྡེ(གཞིས་ཁུལ)18ལ་བདེ་ཆེན་ཁུལ་གྱི་འབོར་ཐེངས་དང་པོའི་སྐྱེ་ཁམས་གྲོང་སྡེ(གཞིས་ཁུལ)ཡི་མིང་བཏགས་པ་རེད།
        ད་ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནན་པོའི་ངང་《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་སྤེལ་གང་མགྱོ གས་གཏོང་བའི་སྐོར་གྱི་བསམ་འཆར》དང་《ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་བརྩོན་ལེན་བྱེད་པའི་ཆོད་དོན》དོན་འཁྱོལ་བྱེད་དེ། སྐྱེ་ཁམས་གསར་གཏོད་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གཞི་འཛིན་ས་དང་བྱ་ཐབས་གལ་ཆེན་དུ་འཛིན་ནས་སྐྱེ་ཁམས་གསར་གཏོད་ལས་ཀར་ཆེས་མཐོའི་མཐོང་ཆེན་བྱེད་པ། ཁུལ་ཡོངས་སྐྱེ་ཁམས་གསར་གཏོད་ལས་ཀ་ཞན་པའི་དོན་དངོས་དང་བསྟུན་ཞིང་། ཁོར་ཡུག་སྡེ་ཁག་གིས་སྣེ་ཁྲིད་བྱེད་པ་དང་། ཏན་ཏིག་གིས་《བདེ་ཆེན་སྐྱེ་ཁམས་ཁུལ་འཛུགས་སྐྲུན་འཆར་འགོད》ལག་བསྟར་བྱེད་དེ། ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ29ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ཀྱི་ལས་ཀ་སྒྲུབ་པ། མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ཤུགས་ཆེར་གཏོང་བ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་བཅོས་བྱས་ནས། ནུས་ཤུགས་ལྡན་པའི་ངང་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་མཐུན་སྦྱོར་དང་རྒྱུན་མཐུད་ངང་གོང་དུ་སྤེལ་ཞིང་སྐྱེ་ཁམས་གསར་གཏོད་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།