旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
དབྱར་དུས་ཀྱི་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གྱི་ཚ་རླབས་འཕྱུར།
དུས་ཚོད།:2015-08-12 17:19:52   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(དངོས་སྦྱོང་གསར་འགོད་པ། པདྨ་མཚོ།) དབྱར་དུས་ཀྱི་སེམས་ཀྱི་ཉི་ཟླ་ནི་དགེ་བཅུ་འཛོམས་པའི་ཞིང་མཆོག་སྟེ་ཕྱིའི་ཡུལ་ལྗོངས་མཛེས་ཤིང་གནམ་གཤིས་བཟང་བ། ཚ་དྲོད་སྙོམས་པ། བསིལ་ཞིང་འཇམ་པ་སོགས་རང་བྱུང་གི་ཐུན་མིན་ཁྱད་ཆོས་ལྡན་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མིག་དབང་ཡང་ནས་ཡང་དུ་འཕྲོག་པར་བྱས་པས། དབྱར་དུས་ཀྱི་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བས་ཉིན་རེར་ཡུལ་སྐོར་བ་མི་ཁྲི15000ལྷག་སྣེ་ལེན་བྱེད་བཞིན་ཡོད་པ་རེད། 

  ཧྲིན་ཀྲིན་ནས་ཡོང་བའི་སྐུ་ཞབས་ཀྲའོ་ཡིས་ད་ལོར་ཁོའི་བྱིས་པས་མཐོ་རྒྱུགས་སྤྲད་ཚར་བས། བཟའ་མི་ཡོངས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་བ་རེད། ཁོས་གནས་འདིའི་དབྱར་ཁ་ངོ་མ་བསིལ་ལ། ཡུལ་སྐོར་བ་ཡང་ཤིན་ཏུ་མང་། གྲོང་ཁྱེར་གྱི་ཕྱིའི་བཟོ་བཀོད་སོགས་གང་ནས་ཀྱང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་ཧ་ཅང་བཟང་ཟེར།

  པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ཅིག་གིས་སེམས་ཀྱི་ཉི་ཟླ་ནི་དེ་འདྲའི་ལམ་ཐག་རིང་པོ་ཞིག་མིན་པར། འགྲིམ་འགྲུལ་སོགས་ཐད་ནས་བཤད་ན་དངོས་ནས་སྟབས་བདེ་རེད། ལྷག་པར་དུ་ད་ལྟ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཕྱོགས་ཀྱི་དྲིལ་བསྒྲགས་བྱས་པ་ཧ་ཅང་བཟང་ལ་ཡུལ་སྐོར་སྒྲིག་གཞི་སྔར་ལས་ཇེ་ལེགས་སུ་སོང་ཡོད། ཉིན་འགའི་རྗེས་ནས་ཁོའི་ལས་རོགས་གསུམ་ཡང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་རྩིས་ཡོད་ཅེས་ཟེར་བ་རེད།

        སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ལོ་སྟོད་དུ་ཁུལ་ཡོངས་སུ་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི་600.81སྣེ་ལེན་བྱས་ཡོད་ལ།  སེམས་ཀྱི་ཉི་ཟླ་རུ་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི་410.3སྣེ་ལེན་བྱས་ཡོད། འདིའི་ཁྲོད་དུ་ཕྱི་གླིང་བའི་ཡུལ་སྐོར་བ་ཁྲི་47.48ཟིན་ཡོད་ལ། དུས་མཚུངས་ལས་1.64%འཕར་ཡོད་པ་རེད། གཞན་ཡང་ད་ལྟ་དབྱར་གནང་གི་སྐབས་སུ་ཕལ་ཆེར་ཉིན་རེར་ཡུལ་སྐོར་བ་15000ལྷག་སྣེ་ལེན་བྱེད་བཞིན་ཡོད་པས་རང་ཁུལ་གྱི་རྡོ་མཁར་རྫོང་དང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སོགས་སུ་མི་ཚོགས་ཀྱིས་བཀང་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།