旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྐོར་འཕྲིན་གསར། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་ལོ་སྟོད་དུ་ཡུལ་སྐོར་བ་འདྲེན་གཏོང་བྱེད་ཚད་མི་ཐེངས་ཁྲི་21ཟིན་པ།
དུས་ཚོད།:2015-07-21 15:50:08   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་བསྡོམས་རྩིས་གཞི་གྲངས་ཀྱིས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་གནམ་གྲུའི་ལན་གྲངས་2256འགན་སྲུང་བྱས་ནས། ཡུལ་སྐོར་བ་འདྲེན་གཏོང་བྱེད་ཚད་མི་ཐེངས་210583ལེགས་གྲུབ་བྱེད་པ་དང་། ཟོག་འདྲེན་བྱེད་ཚད་ཏུན་236.3ཟིན་པ་རེད།

        ད་ལོར། སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་ནན་ཏན་གྱིས་གནམ་གྲུ་ཐང་གི་བདེ་འཇགས་དང་ཞབས་འདེགས། གནམ་གྲུ་ཐང་གི་དོ་དམ་སོགས་ལས་ཀ་ཁག་ཡག་པོ་སྒྲུབ་པའི་དུས་མཚུངས་སུ། བདེ་ཆེན་མཁའ་འགྲུལ་ཚོང་རའི་གསར་འབྱེད་དེ་ལས་ཀ་གཙོ་བོར་འགྱུར་བ་དང་། ཧུར་ཐག་གིས་བྱ་ཐབས་སྣ་མང་སྤྱད་དེ། གང་ཐུབ་ཀྱིས་འབྲེལ་ཡོད་མཁའ་ལམ་སླར་གསོ་དང་གསར་སྣོན་རྒྱག་པ་དང་། ཁུན་མིན་ནས་སེམས་ཀྱི་ཉི་ཟླ་དང་། སེམས་ཀྱི་ཉི་ཟླ་ནས་ལྷ་སའི་བར་དུ་གནམ་གྲུའི་ལན་གྲངས་གསར་སྣོན་རྒྱག་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། གནམ་གྲུ་ཐང་ལ་ཁུན་མིན་ནས་སེམས་ཀྱི་ཉི་ཟླ་དང་། ཁུན་མིན་ནས་སེམས་ཀྱི་ཉི་ཟླ་ནས་ལྷ་ས། སེམས་ཀྱི་ཉི་ཟླ་ནས་ཁྲིན་ཏུའུ། སེམས་ཀྱི་ཉི་ཟླ་ནས་ཁྲུང་ཆིན་ནས་པའེ་ཅིང་། སེམས་ཀྱི་ཉི་ཟླ་ནས་ཁུན་མིན་ནས་ཧྲང་ཧའེ། སེམས་ཀྱི་ཉི་ཟླ་ནས་ཞི་ཧྲོང་པན་ན་བཅས་ཀྱི་མཁའ་ལམ་6ཡོད་དེ། ཉིན་རེར་གནམ་གྲུའི་ལན་གྲངས་10ནས་12ཡོད་པ་རེད།   

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།