旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྲོལ་གོམས་གཤིས། > ནང་དོན་དངོས་གཞི།
སེམས་ཀྱི་ཉི་ཟླ།
དུས་ཚོད།:2014-02-06 16:14:29   རྩོམ་ཁུངས།:

སེམས་ཀྱི་ཉི་ཟླ(shangri-la)ཞེས་པའི་མིང་འདི་ནི་ཁམས་སྐད་དུ་རྒྱལ་ཐང་བོད་སྐད་ནས་བྱུང་བ་ཡིན་ཏེ། སེམས་ཀྱི་ཉི་ཟླ་ཞེས་པ་ནི་ལོ་ངོ་ཆིག་སྟོང་སྔོན་ལ་བོད་ཀྱི་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ནང་བཀོད་ཡོད་ལ།རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེའི་སྒྲ་སྒྱུར“xamgyinyilha”བྲིས་ཡོད་པ་དང་། དེའི་གོ་དོན་ལ་སེམས་ཀྱི་ཉི་ཟླ་ཞེས་པ་རེད།སེམས་ཀྱི་ཉི་ཟླ་ཞེས་པའི་མིང་འདི་ནི་རྒྱལ་ཐང་རྫོང་གི་གནའ་གྲོང་ཉི་མ་རྫོང་ཞེས་པ་དེ་དང་འདྲ་བ་ཡིན།

སེམས་ཀྱི་ཉི་ཟླ་རྫོང་ནི་ཡུན་ནན་ཞིང་ཆེན་ནུབ་བྱང་ས་ཁུལ་གྱི་ཏེན།ཁྲོན།བོད་བཅས་ཀྱི་ཟུར་གསུམ་ས་ཁོངས་སུ་གནས་ཡོད་པ་དང་།བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྟེ་བའི་ས་རྒྱུད་ཀྱང་ཡིན།ཏ་ལི་ནས་ཏེན་བོད་གཞུང་ལམ་ལམ་རྒྱུད་ཀྱི་བྱང་ཕྱོགས་སུ་སྤྱི་ལེ315སྐྱོད་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་རྫོང་གི་ཀྲུང་ཞིན་གྲོང་རྡལ་ལ་སླེབས་ཤིང་། ས་ཆ་དེ་དང་ཁུན་མིང་བར་དུ་སྤྱི་ལེ659ཡོད། སེམས་ཀྱི་ཉི་ཟླ་ནི་མཚོ་བོད་མཐོ་སྒང་ཤར་ལྷོའི་འཕྲེད་རྒྱུག་རི་རྒྱུད་དུ་ཆགས་ཡོད་ལ།ཨེ་ཤ་ཡའི་ཆུ་བོ་ཆེན་པོ་མང་ཆེ་བ་ནི་ཡུལ་ཁམས་འདི་ནས་འབབ་ཅིང་།འཛམ་གླིང་ཡོངས་སུ་ཁྱད་ཆོས་ཆེས་འབུར་དུ་ཐོན་པའི་རང་བྱུང་ཡུལ་ལྗོངས་ཀྱི་སྣང་ཚུལ་ཞིག་གྲུབ་ཡོད་པ་རེད།

འཛམ་གླིང་དམག་ཆེན་ཨང་གཉིས་པའི་སྐབས་སུ།ཨ་མེ་རི་ཁའི་འཕུར་སྐྱོད་པས་གནམ་གྲུའི་ཆག་སྒོ་བྱུང་བས། སྟག་མཆོང་གྲོང་རོང་བྱང་ཕྱོགས་སུ་འབྲི་ཆུའི་ཆུ་ལག་གི་རི་སུལ་ཆུང་ཆུང་ཞིག་ཏུ་འབབ་པ་རེད། ངོ་མཚར་ཆེ་ཞིང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐོང་རྗེས་འཕུར་སྐྱོད་པས་གནམ་གྲུའི་ཆག་སྒོ་བྱུང་བའི་འཇིགས་སྐྲག་གཏན་ནས་བརྗེད་ཟིན་པ་དང་།མ་བསམ་ཁ་ཤོར་དུ་འདི་ག་ནི་འཛམ་གླིང་དུ་གཅིག་ལས་གཉིས་མེད་པའི་ས་ཆ་ཞིག་རེད་ཅེས་བཤད་པ་རེད། འཛམ་གླིང་དམག་ཆེན་ཨང་གཉིས་པ་མཇུག་རྫོགས་རྗེས།སེམས་ཀྱི་ཉི་ཟླ་ཞེས་པའི་མིང་འདི་ནི་འཛམ་གླིང་ཐོག་ཏུ་གྲགས་པ་རེད།

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།